ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་དཀར་ནག་གི་སྲིད་བློན་རྣམ་པའི་མཇལ་འཕྲད་གྲོས་མོལ།


༄༅།། རྒྱ་ནག་གི་སྲིད་བློན་གསར་པ་ལི་ཁེ་ཆང་གི་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་རྒྱ་གར་ལ་ཕེབས་ཡོད་ཅིང་། ཕྱི་ཟླ་༥་ཚེས་༢༠་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེང་གིས་ལི་ཁེ་ཆང་ལ་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཁོང་གིས་རྒྱ་ནག་གི་སྲིད་བློན་གསར་པའི་ཕྱི་རྒྱལ་གྱི་འཚམས་འདྲིར་ཐེངས་དང་པོ་རྒྱ་གར་ལ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ལུགས་དང་། སྲིད་བློན་ལི་ཁེ་ཆང་གིས་ཀྱང་རྒྱ་ནག་གཞུང་དམངས་གཉིས་ཀས་རྒྱ་གར་མཛའ་གྲོགས་དང་ཟླ་གལ་ཆེན་ཞིག་ལ་རྩི་བཞིན་ཡོད། ད་ཐེངས་ཀྱི་འཚམས་འདྲི་འདིས་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་བར་ནུས་ཤུགས་གསར་པ་ཞིག་ཐེབས་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་དང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེང་གིས་ང་ཚོ་ཕྱོགས་གཉིས་ཀས་སྤྱི་ལེ་སྟོང་ཕྲག་འགའ་ཞིག་གི་ས་མཚམས་ཁག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རྒྱ་དཀར་ནག་གི་དམིགས་བསལ་སྐུ་ཚབ་རྣམས་ཀྱང་གང་མགྱོགས་ཐུག་འཕྲད་བྱས་ནས་སླར་ཡང་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་ཁག་ལ་གྲོས་བསྡུར་བྱེད་དགོས་པ་དང་། ང་ཚོས་དྲང་སྙོམས་དང་མཉམ་འབྲེལ། རྒྱ་དཀར་ནག་གཉིས་མོས་མཐུན་ཡོད་པའི་ཐབས་ལམ་ཞིག་བརྒྱུད་ནས་ས་མཚམས་ཀྱི་རྩོད་གཞི་ཐམས་ཅད་ཐག་གཅོད་བྱེད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།
XS
SM
MD
LG