ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་དམག་སྤྱི་ལྔ་གོ་གནས་སྤར་པ།


ཕྱི་ཟླ་༡༡་ཚེས་༨་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་འཚོགས་རྒྱུ་དང་། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་དམག་སྤྱི་ལྔ་གོ་གནས་སྤར་ཏེ། ཞིན་ཅིན་ཕིང་གཙོ་བོར་གྱུར་པའི་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཚོས་སྲིད་དབང་རྩིས་ལེན་བྱེད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་འགྲོ་བཞིན་ཡོད་པས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་རང་གི་ཉེ་འཁོར་དང་ཨེ་ཤི་ཡའི་མངའ་ཁུལ། འཛམ་གླིང་ཁྱོན་ཡོངས་སུ་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གསར་པ་ཇེ་མང་དུ་སོང་ཡོད་པ་དང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དབུས་དམག་དོན་ལྷན་ཁང་ལ་ཚོགས་མི་༡༢་ཡོད་པ་དེ་རྣམས་རྒས་ཡོལ་གྱི་ལོ་ཚད་ཐོག་ཏུ་ངེས་པར་དུ་རྒས་ཡོལ་ལ་འགྲོ་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG