ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་མོལ་དང་སྒྱུར་བཅོས།


རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་༣༦༧་ཐེངས་༡༨་པའི་ཏང་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་མོལ་གྱི་ཚོགས་འདུ་ཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་རྒྱུའི་རྟགས་མཚན་མེད་ཀྱང་། དེ་རིང་གཟའ་ཟླ་བའི་ཉིན་མི་དམངས་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་རྒྱ་ནག་ལ་དཀའ་ངལ་ཡོད་མིན་དེར་མ་ལྟོས་པར་སྒྱུར་བཅོས་གཏོང་དགོས་པ་དང་། གལ་སྲིད་ང་ཚོས་སྒྱུར་བཅོས་ཆེན་པོ་ཞིག་མ་བཏང་ན་ཕྱིས་སུ་དཀའ་ངལ་འདི་ལས་ཆེ་བ་ཞིག་འཕྲད་རྒྱུ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་མ་ཟད། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཀྱང་སང་ཉིན་ཕྱི་ཚེས་༡༢་ཉིན་ཏང་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་མོལ་མཇག་བསྒྲིལ་རྒྱུ་དང་། ཚོགས་ཆེན་མཇུག་སྒྲིལ་སྐབས་སུ་འཛུགས་སྐྲུན་དང་རྣམ་པར་བཅོས་སྒྱུར། དྲང་བདེན་དང་འདྲ་མཉམ། སྲིད་གཞུང་དང་ཁྲོམ་ར་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་སྔོན་ཆད་བྱུང་མྱོང་མེད་པའི་སྒྱུར་བཅོས་ཆེན་པོ་ཞིག་གཏོང་རྒྱུའི་གསལ་བསྒྲགས་བྱེད་རྒྱུ་ཡིན་ཞེས་གནས་ཚུལ་སྤེལ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG