ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ཚགས་པར་ཆེ་ཁག་འགའ་ཞིག་གིས་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ།


ཁ་སང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འདས་པོ་མའོ་ཙེ་ཏུང་གི་སྐུ་སྒེར་དྲུང་ཡིག་ཟུར་པ་དང་མི་དམངས་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ། རྒྱ་ནག་གི་མཐོ་རིམ་གནད་ཡོད་མི་སྣ་ཟུར་པ་ཁག་ཅིག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐུན་མོང་གི་སྙན་ཞུ་ཞིག་ཕུལ་ཏེ། ཁོང་ཚོས་རྒྱ་ནག་གཞུང་གིས་གསར་འགྱུར་དང་དཔེ་དེབ་བཅས་ཀྱི་ནང་དོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རྗེས་ལུས་ཀྱི་ལམ་སྲོལ་ཞིག་ཡིན་ཞིང་་། རྒྱ་ནག་མི་དམངས་ལ་ངེས་པར་དུ་གཏམ་བརྗོད་རང་དབང་སྤྲོད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་མ་ཟད། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར་རིམ་པའི་ཚགས་པར་ཆེ་ཁག་མང་པོ་ཞིག་གིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཁོང་ཚོས་ཉེ་ཆར་སྲིད་བློན་དབུན་ཅ་པའོ་ཡིས་ཕྱི་རྒྱལ་གྱི་གསར་འགོད་པར་རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་མ་བཏང་ཐབས་མེད་ཡིན་པ་དང་། གུང་ཁྲན་ཏང་ལ་རིམ་བཞིན་འགྱུར་བ་འགྲོ་དགོས་ཞེས་གླེང་མོལ་བྱས་ཀྱང་། རྒྱ་ནག་ནང་ཁུལ་ལ་ཞིབ་བཤེར་བྱས་ནས་ཕྱི་རྒྱལ་གྱི་གསར་འགོད་པས་སྲིད་བློན་དབུན་ཅ་པའོ་ཡི་བཅར་འདྲི་ཞུས་པའི་བརྙན་འཕྲིན་བསྟན་མེད་པ་ཧ་ཅང་ཐབས་རྡུགས་ཤིག་ཡིན་ཞེས་སྐྱོན་བརྗོད་བྱས་པ་དང་། མཉམ་འབྲེལ་རྩོམ་ཡིག་སྤེལ་པའི་ཚགས་པར་དེ་དག་གི་གྲས་སུ་རྒྱ་ནག་གི་ན་གཞོན་ཉིན་རེའི་ཚགས་པར་དང་པེ་ཅིང་གསར་འགྱུར། ཧྲང་ཧེའི་ཤར་ཕྱོགས་སྔ་དྲོའི་ཡིག་ཟམ་ཚགས་པར་དང་། ཝུ་ཧན་གྲོང་ཁྱེར་དུ་དཔར་འགྲེམ་བྱེད་ཀྱི་ཡོད་པའི་ཁྲང་ཅང་ཉིན་རེའི་ཚགས་པར། ནན་ཅིང་གྲོང་ཁྱེར་གྱི་དེང་རབས་བང་ཆེན་ཚགས་པར་དང་ཅང་སུ་ཞིང་ཆེན་གྱི་ཞའོ་ཤང་སྔ་དྲོའི་ཡིག་ཟམ་ཚགས་པར། ཀོང་ཏུང་ཞིང་ཆེན་གྱི་ལྷོ་ཕྱོགས་གྲོང་གསེབ་ཚགས་པར་བཅས་ཡོད་པ་རེད།།

XS
SM
MD
LG