ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ས་མཚམས་བརྒྱུད་དུ་འཛུགས་བསྐྲུན་གྱི་ལས་རྒྱ་ཆེ་ཞིག་གཉེར་གྱི་ཡོད་པར་རྒྱ་གར་གྱིས་བློ་འཚབ།


རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་དང་ཉེ་བའི་བོད་ཀྱི་ས་ཁུལ་ཁག་གི་ནང་ གཞུང་ལམ་དང་ གནམ་ཐང་ མེ་འཁོར་རི་ལིའི་ལྕགས་ལམ་ལ་སོགས་པའི་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་ཞིག་གཉེར་གྱི་ཡོད་པར་ རྒྱ་གར་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG