ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་གསོལ་མགྲོན་སྣེ་ལེན་ཞབས་ཞུ།


རྒྱལ་སྤྱིའི་ནང་གི་བཟོ་ཚོང་ལས་ཁང་ཚོས་རྒྱ་ནག་རྒྱལ་ནང་གི་ཁྲོམ་རྭར་མཉམ་ཞུགས་བྱ་རྒྱུར་རྒྱུན་རིང་འབད་བརྩོན་བྱེད་ཀྱིན་ཡོད་པ། དེའི་རྗེས་འཛད་སྤྱོད་པ་ས་ཡ་མང་པོ་ཡོང་བའི་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། དཔེར་ན་འཛམ་གླིང་གི་རྒྱལ་ཁབ་དང་གྲོང་ཁྱེར་གང་སར་ཡོད་པའི་marriott མགྲོན་ཁང་ལྟ་བུ་རེད་ལ། མ་འོངས་པའི་ལོ་གསུམ་གྱི་རིང་རྒྱ་ནག་གི་ནང་དུ་མགྲོན་ཁང་འདི་རྒྱ་སྐྱེད་གཏོང་རྒྱུའི་ལས་འཆར་ཡོད་འདུག རྒྱ་ནག་ནང་དུ་ཕྱི་རྒྱལ་བཟོ་ཚོང་ལས་ཁང་ཁག་གི་ཚོང་ལས་ཀྱི་ཁྲོམ་རྭ་སྒོ་འབྱེད་བྱེད་པ་དང་སྦྲགས་ཕན་ཚུན་འགྲན་བསྡུར་ཆེ་ཤོས་ནི་ཚད་ལྡན་ལས་མི་འདེམས་སྦྲུག་བྱ་རྒྱུ་དེ་ཡིན་པ་རེད། འདིའི་ཐད་པེ་ཅིན་ནས་འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ་Stephanie Hoཡིས་གནས་ཚུལ་བཏང་བ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG