ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དམག་སྒར་གྱི་ཆེད་དུ་འབྲོག་པ་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ།


བོད་ཀྱི་འདམ་གཞུང་ས་ཁུལ་གྱི་འབྲོག་སྡེ་གཉིས་ལ་རྒྱ་ནག་གཞུང་གིས། ཁྱིམ་ཚང་རེར་རྒྱ་སྒོར་ཁྲི་༡༥རེ་སྤྲད་དེ། ས་གནས་དེར་དམག་སྒར་གསར་རྒྱག་བྱེད་དགོས་པའི་གནས་དེ་ནས་ད་ལོའི་ལོ་མཇུག་བར་གནས་སྤོ་ངེས་པར་དུ་གནས་སྤོ་བྱེད་ཚར་དགོས་ཞེས་བཙན་བཀའ་བཏང་ཡོད་འདུག་ལ། ཡང་འབྲོག་སྡེ་དེ་གཉིས་གནས་སྤོ་གང་དུ་བྱེད་ཀྱང་གནས་སྤོར་བྱེད་སའི་ས་གནས་དེའི་ཡུལ་མི་ཚོས་དང་ལེན་བྱ་དགོས་ཞེས་བཙན་བཀའ་ཡང་བཏང་ཡོད་འདུག འདིའི་སྐོར་གྱི་གནས་ཚུལ་རྒྱས་པ་ཞིག་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG