ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

པའོ་ཞི་ལེ་ལ་ཁྲིམས་བཤེར་བྱ་འཆར།


ལོ་ངོ་གཉིས་ཀྱི་གོང་དེར་རྒྱ་ནག་གཞུང་གིས་དབུས་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པའོ་ཞི་ལེ་འཛིན་བཟུང་བྱས་ཏེ། ༡༩༧༦་ལོར་རྒྱ་ནག་གཞུང་གིས་མི་བཞི་ཤོག་ཁག་ཕམ་པར་བརྒྱབ་ནས་བཟུང་། ད་བར་རྒྱ་ནག་དམར་ཤོག་ཚོགས་པར་མིང་ཆད་ངན་པ་དེ་འདྲ་ཞིག་ཕོག་མྱོང་མེད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གིས་འཕྲལ་དུ་པའོ་ཞི་ལེ་གོ་གནས་ཕབ་སྟེ་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་མ་ཟད། པའོ་ཞི་ལེའི་ཆུང་མ་གུ་ཁེ་ལེ་ལ་མི་བསད་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱས་ཀྱང་། ད་བར་རྒྱ་ནག་གཞུང་གིས་པའོ་ཞི་ལེ་ལ་ཁྲིམས་ཐག་བཅད་མེད་པ་དང་། དེ་རིང་ཕྱི་ཟླ་༧་ཚེས་༢༥་ཉིན་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་པ་ལྟར་ན། པའོ་ཞི་ལེ་ལ་ལྐོག་ཟ་བྱས་པ་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་བ། ཁོང་གིས་སྤྱི་དངུལ་ཕོན་ཆེ་ཞིག་སྒེར་དོན་ལ་འགྲོ་གྲོན་བཏང་བའི་ནག་ཉེས་དོན་ཚན་གསུམ་བཙུགས་ཏེ། ཧྲན་ཏུང་ཞིང་ཆེན་གྱི་རྒྱལ་ས་ཅི་ནན་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ལ་པའོ་ཞི་ལེའི་གྱོད་གཞི་དེར་ཁྲིམས་བཤེར་བྱ་དགོས་ཞེས་བཀའ་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG