ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༥/༠༡
བོད།
ལྷ་སའི་བར་སྐོར་ལ་དུས་བཀག་ལྟར་སྐོར་བར་འགྲོ་དགོས་པ།
༢༨།༠༤།༢༠༢༠
ལྷ་སའི་བར་སྐོར་ལ་དུས་བཀག་ལྟར་སྐོར་བར་འགྲོ་དགོས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ལྷ་སའི་བར་སྐོར་ལ་དུས་བཀག་ལྟར་སྐོར་བར་འགྲོ་དགོས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:24
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཟླ་བ་འདིའི་ཕྱི་ཚེས་༢༦་ཉིན་ལྷ་སའི་བར་སྐོར་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་ཚེས་༢༨་ནས་བཟུང་སྟེ་ལྷ་སའི་བར་སྐོར་ལ་སྐོར་བར་གཏོང་རྒྱུ་རེད་འདུག་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་ལ་ཐད་ཀར་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། ཁོང་གིས་ཕྱི་ཚེས་༢༨་ཉིན་ནས་བཟུང་སྟེ་ཉིན་ལྟར་ཞོགས་པའི་ཆུ་ཚོད་༨་པ་ནས་དགོང་མོའི་ཆུ་ཚོད་༨་པའི་བར་དུ་བར་སྐོར་ལ་སྐོར་བར་འགྲོ་ཆོག་གི་འདུག ཡིན་ནའང་མི་ཚོས་ངེས་པར་དུ་ཁ་རས་རྒྱག་དགོས་པ་དང་འཚང་ཁ་བརྒྱབ་ནས་འགྲོ་མི་ཉན་པ། ཕན་ཚུན་ལག་འཇུ་བྱེད་པའམ། ས་ལ་མཆིལ་མ་སོགས་གཏོར་མི་ཆོག་པའི་གཟབ་ནན་བྱ་་དགོས་ཀྱིན་འདུག
ད་ལྟ་གནས་སྐབས་ཤིག་གི་རིང་ལ་ལྷ་སའི་བར་སྐོར་མ་གཏོགས་གཙུག་ལག་ཁང་དང་ར་མོ་ཆེ། པོ་ཏ་ལ་བཅས་སུ་མཆོད་མཇལ་ལ་གཏོང་གི་མེད་པར་བཀག་སྡོམ་བྱས་འདུག སྔོན་ཆད་མཚན་གྱི་ཆུ་ཚོད་གསུམ་པ་ཡོལ་ཙམ་ནས་སྐོར་བར་འགྲོ་མཁན་མང་ཡོད་མོད། ཡིན་ནའང་སྐབས་འདིར་སྐོར་བར་འགྲོ་མཁན་མང་པོ་མེད་པ་དང་སྐོར་བར་འགྲོ་ཆོག་པའི་ཆུ་ཚོད་ཀྱང་ཚད་བཀག་བྱས་འདུག འོན་ཀྱང་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་བ་དང་ལས་ཀ་བ་མང་པོ་ཞིག་ཡོང་དང་ཡོང་བཞིན་ཡོད་པ་རེད། དཔེར་ན་ཁང་པ་རྒྱག་མཁན་དང་ཁང་བའི་ནང་ལ་མཛེས་བཟོ་བྱེད་མཁན་རྒྱ་མི་མང་པོ་ཡོང་བཞིན་པའི་གྲས་སུ་ཏོག་དབྱིབས་ནད་དུག་གི་བྱུང་ཡུལ་ཝུ་ཧན་ནས་ཡིན་པའི་ལས་མི་རྣམས་ཀྱང་ཡོད་པས་ལྷ་ས་གྲོང་ཁྱེར་གྱི་གཏན་སྡོད་མི་མང་གིས་རྒྱ་མི་དེ་དག་ལ་ནད་དུག་ཡོད་སྲིད་པའི་དོགས་པ་བྱེད་ཀྱིན་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།
ཁ་སང་ཕྱི་ཚེས་༢༧་ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་དེར་ལྷ་སའི་བར་སྐོར་ནང་གི་ཞིབ་ཕྲའི་སྒོ་དབྱེའི་དུས་ཚོད་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་འདོམས་བྱས་ནས་དངོས་སུ་སྒོ་དབྱེའི་བརྡ་ཐོ་འབྱོར་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་ཚང་མར་བརྡ་ཐོ་གཏོང་རྒྱུ་ཡིན་ཞེས་བཀོད་འདུག
XS
SM
MD
LG