ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སའི་བར་སྐོར་ལ་དུས་བཀག་ལྟར་སྐོར་བར་འགྲོ་དགོས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཟླ་བ་འདིའི་ཕྱི་ཚེས་༢༦་ཉིན་ལྷ་སའི་བར་སྐོར་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་ཚེས་༢༨་ནས་བཟུང་སྟེ་ལྷ་སའི་བར་སྐོར་ལ་སྐོར་བར་གཏོང་རྒྱུ་རེད་འདུག་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་ལ་ཐད་ཀར་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། ཁོང་གིས་ཕྱི་ཚེས་༢༨་ཉིན་ནས་བཟུང་སྟེ་ཉིན་ལྟར་ཞོགས་པའི་ཆུ་ཚོད་༨་པ་ནས་དགོང་མོའི་ཆུ་ཚོད་༨་པའི་བར་དུ་བར་སྐོར་ལ་སྐོར་བར་འགྲོ་ཆོག་གི་འདུག

XS
SM
MD
LG