ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དང་ཞིན་ཅང་གླེང་བར་རྒྱ་ནག་གིས་སྐྱོན་བརྗོད།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེས་རེས་གཟའ་སྤེན་པའི་ཉིན་ཊོས་ཊར་དྲྭ་ལམ་དུ་རྒྱ་ནག་གཞུང་གིས་ཞིན་ཅང་དང་བོད་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་ནས་བོད་པ་དང་ཡུ་གུར་བའི་ཆོས་དང་རིག་གཞུང་། མི་རིགས་བཅས་པ་རྩ་མེད་གཏོང་གི་འདུག་ཅེས་སྐྱོན་བརྗོད་ཀྱི་འཕྲིན་ཐུང་ཞིག་སྤེལ་འདུག རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དོན་དང་ཞིན་ཅང་གི་གནད་དོན་གླེང་སློང་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་ཏུ་གཏམ་བཤད་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་གནང་གི་རེད།


XS
SM
MD
LG