ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གཞུང་གིས་ཀོང་ཀྲུག་གི་གཏོར་རྒོལ་འཇིགས་སྐུལ་ལ་བརྩི་ཐུབ་མེད་པ།


བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲུག་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་ཚོར་མི་ཞིག་གྲི་བཙུགས་ནས་གཏོང་རྒོལ་བྱས་པ་དང་། སྐབས་དེར་འགྲུལ་པ་མི་༦་ལ་རྨས་སྐྱོན་ཕོག་ནས་གྲི་འཛུགས་མཁན་དེར་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པ་ཡིན། གྲི་འཛུགས་མཁན་དེར་རོགས་པ་ཞིག་ཡོད་པ་བྲོས་ཐར་པ་རེད་ཅེས་གནས་ཚུལ་སྤེལ་རུང་། ད་ལྟ་རྒྱ་ནག་གཞུང་གིས་ཕྱི་ཚེས་༦་ཉིན་ཀོང་ཀྲུག་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་བྱུང་བའི་གཏོར་རྒོལ་དེ་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་ནག་ཉེས་བྱས་ཐུབ་མེད་པ་དང་། གཏོར་རྒོལ་དེ་མི་ཁེར་རྐྱང་བ་ཞིག་གིས་བྱས་ཉེས་ཡིན་སྲིད་པ་དང་ཞིན་ཅང་གི་ཡུ་གུར་པ་ཚོར་འབྲེལ་བ་ཡོད་པ་ཁུངས་སྐྱེལ་བྱས་ཐུབ་མེད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG