ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་འཛམ་གླིང་ཡར་རྒྱས་གཏོང་བའི་འགན་ཁུར་ཡོད།


བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ཉེ་ཧོང་གི་ཀོ་ཡ་སན་ས་གནས་སུ་ཕེབས་ཡོད་པ་དང་། གཟའ་ཕུར་བུའི་ཉིན་༧གོང་ས་མཆོག་ཀོ་ཡ་སན་སློབ་ཆེན་ལ་ཆིབས་སྒྱུར་གནང་སྟེ། སློབ་ཆེན་དེའི་སློབ་མ་གཙོ་བོར་གྱུར་པའི་གདུལ་བྱ་རྣམས་ལ་རྡོར་དབྱིངས་ཀྱི་དབང་བརྩལ་པ་དང་། ཆོས་ཕྱོགས་ཀྱི་མཛད་སྒོ་གྲུབ་པའི་རྗེས་སུ་༧གོང་སམཆོག་དང་ཚན་རིག་པ་ཚོས་ནང་ཆོས་ལུགས་ཀྱི་ལྟ་གྲུབ་དང་ཚན་རིག་གི་འབྲེལ་བ་བཅས་ལ་བཀའ་མོལ་གནང་ཡོད་པ་མ་ཟད། སྐབས་དེར་༧གོང་ས་མཆོག་གིས་རྒྱ་ནག་ལ་འཛམ་གླིང་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པའི་འགན་ཁུར་ཡོད་ཅེས་གསུངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་གཅིག་བསྟན་འཛིན་ལྷུན་གྲུབ་ཀྱིས་ཕྱོགས་སྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG