ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གི་ལྐོག་ཟ་འཐབ་རྒོལ་ལ་གྲུབ་འབྲས་ཐོན་སྐད།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྟག་དང་སྦྲང་མ་གཉིས་ཀར་རྩད་གཅོད་བྱེད་རྒྱུ་ཡིན་ཞེས་གཞུང་གི་མཐོ་རིམ་འགོ་ཁྲིད་ལྐོག་ཟ་བྱེད་མཁན་ཚོ་སྟག་དང་། ས་གནས་དང་རིམ་པ་ཁག་གི་ལྐོག་ཟ་བྱེད་མཁན་དམའ་རིམ་འགོ་ཁྲིད་ཚོ་སྦྲང་མའི་དཔེ་རུ་བཞག་སྟེ། ཁོ་ཚོར་གོ་གནས་མཐོ་དམན་དང་རྒྱབ་ལྟག་ཡོད་མེད་ཀྱི་ཁྱད་པར་མེད་པར་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་གཞུང་གི་ལས་སྣེ་ཚོར་ཁྲིམས་གཅོད་དྲག་པོ་བྱེད་རྒྱུ་ཡིན་ཞེས་དམ་བཅའ་བཞག་ནས་བཟུང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱེད་རྒྱུ་ཇེ་མང་དུ་སོང་ཡོད་ཅིང་། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་སྔ་ལོའི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་ལོ་༢༠༡༣་ལོར་རྒྱ་ནག་གཞུང་གིས་ལྐོག་ཟུལ་སུངས་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱས་པའི་གཞུང་འབྲེལ་མི་སྣའི་གྲངས་འབོར་དེ་ལོ་སྔོན་མ་ལས་བརྒྱ་ཆ་༡༣་དང་གྲངས་༣་མང་དུ་སོང་ཡོད། སྔ་ལོ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་བསྔགས་བརྗོད་བྱས་པ་དང་། ད་དུང་ཡང་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་བརྡ་ཞིག་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG