ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་མི་རིགས་མཉམ་བསྲེས་སྲིད་ཇུས།


༄༅།། རྒྱ་ནག་དམར་ཤོག་གི་དབང་འཛིན་པ་ཚོས་གྲངས་ཉུང་མི་རིགས་རྣམས་རྒྱ་མི་རིགས་ཀྱི་ནང་དུ་མཉམ་བསྲེས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་གི་ཡོད་ཅིང་། དཔེར་ན་རྒྱ་གཞུང་གིས་བྱིས་པ་གོང་འཕེལ་གྱི་རྩ་འཛིན་ཟེར་བ་ཞིག་ཁྱབ་བསྒྲགས་བྱས་ནས་དངོས་སུ་གྲངས་ཉུང་མི་རིགས་ཀྱི་ཕྲུ་གུ་ཚོར་རྒྱ་ཡིག་རྒྱ་སྐད་སློབ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཤད་འདུག མཁས་པ་ཚོས་རྒྱ་གཞུང་གི་སྲིད་ཇུས་འདི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ཡིན་པས་ཞིན་ཅང་གི་ཡུ་གུར་བ་སོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་ངེས་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG