ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༢/༠༦
བོད།
བོད་པ་ཚོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ལྔར་ཕྱག་མཆོད་བྱ་དགོས་པ།
༠༡།༡༢།༢༠༢༠
བོད་པ་ཚོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ལྔར་ཕྱག་མཆོད་བྱ་དགོས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
བོད་པ་ཚོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ལྔར་ཕྱག་མཆོད་བྱ་དགོས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:41
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་གཞུང་གིས་ཆ་བགོ་བྱེད་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་ཆུ་ཁའི་བོད་པ་ཚོར་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བའི་ཚོགས་འདུ་རབ་དང་རིམ་པ་ཞིག་ཚོགས་དང་འཚོགས་བཞིན་ཡོད་ཅིང་། ཚོགས་འདུ་ཁག་གི་ཐོག་ཏུ་བོད་པ་ཚོར་ཁྱེད་ཚོར་བཀའ་དྲིན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན་པ་ལས་ཏཱ་ལའི་བླ་མ་མིན་པ་སོགས་ཀྱི་བསླབ་བྱ་བརྒྱབ། ལྷག་པར་དུ་བོད་པ་ཚོར་སྔོན་མ་ནས་བཀྲམ་ཡོད་པའི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་རྩེ་ཏུང་དང་ཏེང་ཞའོ་ཕིང་། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ། ཞིས་ཅིན་ཕིང་བཅས་འགོ་ཁྲིད་ལྔའི་འདྲ་པར་རྙིང་པ་རྣམས་གསར་པར་བརྗེས་ནས་ཁྱིམ་ཚང་རེར་འདྲ་པར་གསར་པ་རེ་དང་གློག་གི་མཆོད་མེ་རེ། ཁ་བཏགས་རེ་དང་རྒྱ་ནག་གི་རྒྱལ་དར་གསར་པ་རེ་བཅས་སྤྲད་ནས་ངེས་པར་དུ་ཁྱིམ་ཚང་གི་ཁང་པའི་ཐོག་ཏུ་རྒྱལ་དར་སྒྲེང་འཛུགས་བྱ་དགོས་པ་དང་མཆོད་གཤོམ་ནང་དུ་སྦྱར་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་དེ་དག་གི་འདྲ་པར་ལ་གློག་གི་མཆོད་མེ་ཕུལ་ནས་མཆོད་པ་བཤམ་དགོས་པ། བོད་པ་ཚོས་སྔ་དགོང་གཉིས་སུ་འདྲ་པར་དེར་ཕྱག་འཚལ་དགོས་པའི་བཙན་བཀའ་ཕབ་སོང་ཞེས་མིང་བརྗོད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་ལྟར་ན། ད་ལོ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་རྣམས་བོད་ཀྱི་ས་མཚམས་སུ་འཁྲུག་རྩོད་བྱུང་བའི་གནས་ཚུལ་རྣམས་ལབ་གླེང་བྱེད་མི་ཆོག་པའི་བཀའ་བཏང་ཡོད་པར་མ་ཟད། ད་དུང་སྐད་འཕྲིན་བརྒྱུད་ནས་རྒྱ་གར་ལ་འབྲེལ་བྱེད་མཁན་ཚོར་དམིགས་བསལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་འདུག་ ཉེ་ཆར་སྐད་འཕྲིན་བརྒྱུད་ནས་རྒྱ་གར་ལ་སྤུན་མཆེད་ཚོར་དངུལ་སྒོར་གྱི་ཁུག་དམར་བསྐུར་བའི་ཉེས་མིང་འོག་ཏུ་བོད་པ་གསུམ་འཛིན་བཟུང་། ཡང་འབྲེལ་ཡོད་བོད་པ་གཞན་ཞིག་གིས་རྫ་ཆུ་ཁར་རྒྱ་ནག་གི་དཔོན་རིགས་ཚོའི་འདྲ་པར་སྦྱར་ཡོད་མེད་དང་རྒྱལ་དར་ཡག་པོ་སྒྲེང་ཡོད་མེད་ལྟ་རྟོག་ཆེད་དུ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་ཚོ་བདུན་ཕྲག་གཉིས་རེའི་མཚམས་སུ་ཁྱིམ་ཚང་སོ་སོར་ལྟ་སྐོར་དུ་ཡོང་གི་འདུག འདི་ནི་རྒྱ་ནག་གིས་བརྗོད་བཞིན་པའི་སྣང་ཆེན་གཅིག་དང་དགའ་ཞེན་བཞི་ཟེར་བའི་ལས་འགུལ་གྱི་ཆ་ཤས་ཤིག་རེད་ཅེས་བཤད།།
སྤྱིར་༢༠༠༨་ནས་བཟུང་སྟེ་བོད་ས་གཞན་དང་འདྲ་བར་རྫ་ཆུ་ཁའི་བོད་པ་ཚོས་ཀྱང་ཡར་ལངས་ཞི་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་བས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་གནས་ཚུལ་མང་དག་ཅིག་ཐོན། དཔེར་ན་ཕྱི་ལོ་༢༠༡༩་ཕྱི་ཟླ་༡༡་ཚེས་༡༨་དང་༢༡་ཉིན་རྫ་ཆུ་ཁའི་རྫ་སྨད་དབོན་པོ་སྡེ་པར་སྔ་གཞུག་ཏུ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་བོད་པ་༧ འཛིན་བཟུང་བཙན་ཁྲིད་བྱས་ཏེ་དམག་མི་མང་པོ་འགྲེམ་འཇོག་བྱས་ནས་དམ་དྲག་ཆེན་པོ་བྱས་ཤིང་། དེའི་རྗེས་སུ་ཕྱི་ཚེས་༢༤་ནས་ཕྱི་ཟླ་དང་པོའི་ཚེས་༣་བར་དུ་སེར་སྐྱ་༣༠་བརྒལ་བ་ཞིག་ལ་རྩམ་པ་གཅིག་པུ་མ་གཏོགས་བཟའ་བཏུང་གང་ཡང་མ་སྤྲད་པར་ཟླ་ཕྱེད་རིང་དུ་བཀག་ཉར། དེ་བཞིན་གྲྭ་པ་མང་པོ་ཞིག་ལ་བསམ་བློའི་སློབ་གསོ་གཏོང་དགོས་ཞེས་ཟླ་ཕྱེད་ལྷག་ལ་ ཉིན་ལྟར་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཚོགས། བོད་པ་མང་ཚོགས་ལ་ཕྱིས་སུ་ཆབ་སྲིད་ཀྱི་གནད་དོན་འབྱུང་མི་ཆོག་ཅེས་བསྒྲགས་གཏམ་སྤེལ། གཞན་ཡང་དབོན་པོ་སྡེ་པའི་ཡུལ་མི་དང་སྡེ་པ་གཞན་གྱི་གྲོང་མི་སོགས་སེར་སྐྱ་མང་པོ་ཞིག་གི་ཁ་པར་སྔོག་བཤེར། ཁོ་ཚོ་ཉེན་རྟོག་ཁང་ལ་འབོད་འགུགས་བྱས་ནས་འདྲི་རྩད་མང་པོ་བྱས་ཏེ་ཁས་ལེན་ཡིག་ཆ་ཁག་ལ་མིང་རྟགས་འགོད་དུ་བཅུག་པ་སོགས་ཀྱི་གནས་ཚུལ་ཐོན་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
XS
SM
MD
LG