ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གིས་གསར་འགོད་པ་ཕྱིར་ཕུད།


རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་སྡོད་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་རྒྱ་ནག་གཞུང་གིས་ཐོངས་མཆན་ཕར་འགྱངས་མ་བྱས་པར་བརྟེན། གསར་འགོད་པ་དེ་པེ་ཅིང་ནས་ཐོན་ཏེ་ཐེ་ཝན་ལ་བསྐྱོད་དགོས་ཐུག་ཡོད་ཅིང་། རྒྱལ་སྤྱིའི་གསར་འགོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་པ་ལྟར་ན། ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པ་ཚོས་རྒྱ་ནག་གི་སྲིད་བློན་ཟུར་བ་ཝིན་ཅཱ་པོའི་བཟའ་མི་དང་གཉེན་ཚན་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་གནས་ཚུལ་ཁག་ཐེར་འདོན་བྱས་པས། རྒྱ་ནག་གཞུང་གིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་དྲ་རྒྱའི་གསར་འགྱུར་རྣམས་རྒྱ་ནག་གི་ནང་དུ་ལྟ་ཀློག་བྱེད་མི་ཐུབ་པའི་བཀག་འགོག་བྱས་པ་མ་ཟད། བབ་ཚགས་པར་དེའི་གསར་འགོད་པ་ཡང་རྒྱ་ནག་ནས་ཕྱིར་ཕུད་བཏང་བ་རེད་ཅེས་གནས་ཚུལ་སྤེལ་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG