ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་དཔལ་འབྱོར་སླར་གསོ་དང་རྒྱལ་ནང་གི་འཛད་སྤྱོད།


༄༅།། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཇེ་ཉུང་དུ་འགྲོ་བཞིན་པ་དང་དུས་རྒྱུན་གྱི་ཚོང་ལས་ཕལ་ཆེ་བ་སླར་གསོ་བྱེད་ཐུབ་ཡོད་ཅིང་། པེ་ཅིང་དུ་བཅའ་སྡོད་ལོན་ཌོན་དཔལ་འབྱོར་སློབ་གཉེར་ཁང་གི་སློབ་དཔོན་ཕྱག་རོགས་ཁེ་ཡུ་ཅིན་གྱིས་རྒྱ་ནག་གཞུང་གིས་རྒྱལ་ནང་གི་འཛད་སྤྱོད་ཚོང་ལས་ཡར་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྐྱོབ་ཐབས་བྱ་རྒྱུ་དེར་དམིགས་པ་གཏོད་ཀྱི་འདུག་ཅེས་བརྗོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་ སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG