ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པའོ་ཤི་ལེ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད།


Then Chongqing party secretary Bo Xilai attends a plenary session of the National People's Congress at the Great Hall of the People in Beijing, March 11, 2012.
Then Chongqing party secretary Bo Xilai attends a plenary session of the National People's Congress at the Great Hall of the People in Beijing, March 11, 2012.
༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་ཕྱི་ཟླ་༡༡་ཚེས་༨་ནས་འཚོགས་རྒྱུ་དང་། ད་ལོའི་ཚོགས་ཆེན་མ་ཚོགས་གོང་དེར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་ཟུར་པ་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་སྟེ། རྒྱ་ནག་གི་སྲས་དང་སྲོས་མོའི་དབང་འཛིན་ཤོག་ཁག་གི་མཐོ་རིམ་མི་སྣ་པའོ་ཤི་ལེ་གུང་ཁྲན་ཏང་གི་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་སྟེ། ཁོ་ལ་ཆབ་སྲིད་ཀྱི་མདུན་ལམ་ཆེན་པོ་ཡོད་པ་མེད་པར་བཏང་ཡོད་པ་དང་། རྩ་བའི་པཱའོ་ཤི་ལེ་དབྱིན་ཇིའི་ཚོང་པ་ཞིག་དམར་གསོད་བྱས་པའི་གྱོད་གཞི་དེར་འབྲེལ་བ་ཡོད་ཀྱང་། གཟའ་པ་སངས་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། པའོ་ཤི་ལེ་ལ་གཞུང་གི་དངུལ་སྒོར་ལྐོག་ཟ་བྱས་པ་དང་དབང་ཆ་བེད་སྤྱོད་ལོག་པ་བྱས་པ། ཁོས་ལྐོག་རྔན་ཟ་ལེན་བྱས་པ་དང་བུད་མེད་མང་དག་ཅིག་ལ་ཚུལ་མཐུན་མ་ཡིན་པའི་བག་མཐུན་བྱས་པ་སོགས་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG