ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དར་རྩེ་མདོའི་བོད་པ་གཉིས་འཛིན་བཟུང་།


༄༅།། ཕྱི་ཟླ་༤་པའི་ཚེས་༡༧་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣་པ་ཡས་མས་སུ་དར་རྩེ་མདོའི་བརྒྱད་ཟུར་རྫོང་། ཚེ་གྲོང་རྡལ་གྱི་བོད་པ་བློ་དགའ་དང་བཟའ་ཟླ་གཡུ་མཚོ་གཉིས་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་གང་ཡང་མ་བརྒྱབ་པར་ཁྱིམ་ནས་འཛིན་བཟུང་བྱས་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གསར་འགྱུར་མཁོ་སྤྲོད་པས་བློ་དགའ་བཟའ་ཚོ་གཉིས་འཛིན་བཟུང་བྱེད་མཁན་ནི་དར་རྩེ་མདོའི་བརྒྱད་ཟུར་ས་གནས་ཀྱི་ཉེན་རྟོག་པ་རེད། ཁོ་ཚོ་འཛིན་བཟུང་བྱས་པའི་རྗེས་སུ་རྫོང་གི་བཀག་ཉར་ཁང་དུ་ཁྲིད་འདུག བཟའ་མི་སྤུན་མཆེད་སོགས་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་དང་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་ཅི་ཡིན་གསལ་བཤད་བྱས་མི་འདུག་ཅེས་བཀྲལ།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། དེང་སྐབས་རྒྱ་ནག་ནང་ཁུལ་དང་ལྷག་དོན་དུ་མཚོ་སྔོན་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འགྲོ་འོང་བཀག་སྡོམ་བྱེད་བཞིན་ཡོད་པར་མ་ཟད། ནད་ཡམས་སྐོར་གྱི་གནས་ཚུལ་དེ་རྣམས་ཕྱི་ལ་བཤད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད། བློ་དགའ་བཟའ་ཚོ་གཉིས་ཀྱིས་ཕྱི་ཕྱོགས་སུ་ཡོད་པའི་རང་གི་སྤུན་མཆེད་ཚོར་ཁ་པར་ནང་དུ་འབྲེལ་བ་བྱས་པའི་སྟབས་ཀྱིས་འཛིན་བཟུང་བྱས་པ་ཡིན་སྲིད་ཅེས་ནང་མི་ཉེ་འབྲེལ་ཚོས་དོགས་པ་བྱེད་ཀྱི་འདུག བློ་དགའ་ནི་ལོ་༣༦་ཡིན་པ་དང་བཟའ་ཟླ་གཡུ་མཚོ་ནི་ལོ་༣༠་ཡས་མས་ཤིག་རེད། ཁོང་གཉིས་ལ་ལོ་༡༤་ཅན་གྱི་བུ་ཞིག་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG