ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་སྤྱི་བསྒྲགས་ལ་སྐྱོན་བརྗོད།


༄༅།། ཉིན་གསུམ་རིང་ལ་སྐོང་ཚོགས་བྱས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ཚོགས་ཆེན་དེ་སྤྱི་ཟླ་༦་པའི་ཚེས་༡༣་སྟེ། རེས་གཟའ་ཉི་མའི་ཉིན་མཇུག་སྒྲིལ་ཡོད་ཅིང་། བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱིས་སྤེལ་བའི་སྤྱི་བསྒྲགས་ནང་དུ་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་ངལ་རྩོལ་བཙན་བཀོལ། ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་གྱུར་པ་སོགས་རྒྱ་ནག་ལ་འབྲེལ་བ་ཡོད་པའི་བརྗོད་གཞི་མང་པོ་ཞིག་འཁོད་ཡོད་པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཤུགས་ཆེན་བྱས་ཡོད་པ་རེད། འོན་ཀྱང་དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་ཤིག་སྤེལ་ནས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་སྤྱི་བསྒྲགས་སུ་ཞིན་ཅང་དང་ཧོང་ཀོང་། ཐེ་ཝན་བཅས་བཀོད་ཡོད་པ་ནི་འགྲེལ་བཤད་ལོག་པ་དང་དཀར་ནག་གོ་ལྡོག་ཅིག་རེད། ཨ་རི་གཙོས་རྒྱལ་ཁབ་ཉུང་ཤས་ཤིག་གིས་རྒྱ་ནག་ལ་བསམ་ནག་བྱས་པའི་ངན་སྐུལ་དེ་ཕྱིར་མངོན་ཡོད་པས་རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG