ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཞིན་ཅང་ལ་འབྱུང་བཞིན་པའི་གསར་འགྱུར་བཀག་སྡོམ།


བདུན་ཕྲག་སྔོན་མར་རྒྱ་ནག་གི་ནུབ་ཕྱོགས་སུ་ཡོད་པའི་ཞིན་ཅང་གི་ས་གནས་ཤིག་ལ་འབར་རྫས་ཀྱིས་གཏོར་རྒོལ་བྱས་ནས་མི་མང་པོ་ཞིག་ལ་འཆི་རྨས་ཀྱི་གནོད་འཚེ་ཕོག་ཅིང་། འདི་ནི་ཕྱི་ལོ་༢༠༠༩་ལོར་ཞིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་ལ་རྒྱ་མི་རིགས་དང་ཡུ་གུར་མི་རིགས་གཉིས་འཁྲུག་རྩོད་བྱུང་ནས་བཟུང་། ད་བར་ཞིན་ཅང་གི་ས་ཐོག་ཏུ་བྱུང་མྱོང་མེད་པའི་ཡུ་གུར་པ་དང་རྒྱ་མི་རིགས་ཀྱི་འཁྲུག་རྩོད་ཆེས་ཐབས་རྡུབས་ཤིག་ཡིན་སྲིད་པ་དང་། ད་དུང་ཉི་མ་༦་གི་རིང་ལ་རྒྱ་ནག་གཞུང་གིས་ས་གནས་དེར་འབར་རྫས་ཀྱིས་གཏོར་རྒོལ་བྱས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་དེ་ཕྱིར་བསྒྲགས་བྱ་མ་ཐུབ་པ་མ་ཟད། ཞིན་ཧྭ་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་དེའི་བྱུང་རབས་ཆ་ཚང་དང་དེ་ལ་བཅོས་ལྷད་མེད་པ་ཞིག་གཏན་ནས་ཕྱིར་བསྒྲགས་བྱས་མེད་པ་དང་། པེ་ཅིང་གི་དབང་འཛིན་པ་ཚོས་དོན་དངོས་ཀྱི་གནས་ཚུལ་མཐའ་དག་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པས། ཕྱི་ཟླ་༧་ཚེས་༢༨་ཉིན་ཡར་ཁན་དྷ་རྫོང་གི་ས་གནས་ཤིག་ལ་འབར་རྫས་ཀྱི་གཏོར་རྒོལ་བྱུང་བའི་གནས་ཚུལ་ཆ་ཚང་ཞིག་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG