ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་ཀྱི་གཞས་པ་ཚོར་འཛིན་བཞིན་པའི་སྲིད་ཇུས།


རྒྱ་ནག་གཞུང་གིས་སྔ་ཕྱིར་རུ་བོད་སྐད་ཐོག་གླུ་གཞས་གཏོང་མཁན་སྐྱེས་ཕོ་མོ་མི་ཉུང་བ་ཞིག་འཛིན་བཟུང་བཀག་ཉར་བྱས་དང་བྱེདབཞིན་ཡོད་པ་དང་། གླུ་བ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལྟ་བུ་ལ་མཚོན་ན་རྒྱ་ནག་གི་བཙོན་ཁང་དུ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་མྱངས་མྱོང་ཡོད་ཅིང་། ཡང་གླུ་གཞས་གཏོང་མཁན་ཕོ་མོ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་བཟང་བཙོན་གྱི་འོག་གནས་པ་ལྟར་གྱི་འཚོ་བ་སྐྱེལ་བཞིན་ཡོད། ཡིན་ན་ཡང་བོད་ཀྱི་དམངས་ཁྲོད་དུ་འབྱུང་གིན་ཡོད་པའི་གླུ་གཞས་གཏོང་མཁན་རྒན་དར་གཞོན་གསུམ་གྱིས་ཉེ་བའི་ལོ་ཤས་ནང་དུ། བོད་ཀྱི་སྣོད་བཅུད་དང་རིག་གནས། སྐད་ཡིག་དང་བདེ་སྡུག་སོགས་བརྗོད་གཞི་བྱས་ཏེ་གླུ་གཞས་གཏོང་རྒྱུ་ཇེ་མང་དུ་སོང་ཡོད་པ་རེད། ཚེ་རིང་སྐྱིད་ཀྱིས་ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གླུ་གཞས་གཏོང་མཁན་ཕོ་མོ་དྲུག་ངོ་སྤྲོད་དང་དེ་བཞིན་བོད་ནང་གི་གླུ་གཞས་གཏོང་མཁན་སྤྱིའི་གནས་སྟངས་སྐོར་ལ་རྡ་རམ་ས་ལར་བཙན་བྱོལ་དུ་ཡོང་ཡོད་པའི་བོད་ནང་གི་གཞས་པ་གདུགས་བྷེ་ལགས་དང་མཉམ་དུ་གླེང་མོལ་བྱས་ཏེ་ཕྱོགས་བསྒྲིགས་བྱས་པ་ཞིག་ལ་གསན་རོགས་གནང་།
please wait

No media source currently available

0:00 0:10:33 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG