ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

སི་རི་ཡེའི་ས་ནང་མི་མང་པོ་གདུག་རྩུབ་ཆེན་པོས་དམར་བསད་བཏང་བར་རྒྱ་ནག་གིས་སྐྱོན་བརྗོད།


སི་རི་ཡེའི་ས་གནས་ཧུ་ལཱ་ནང་གཟའ་འཁོར་སྔོན་མ་ ཞི་བའི་མི་སེར་བརྒྱ་ལྷག་དམར་བསད་བཏང་བའི་དོན་རྐྱེན་གནས་ཚུལ་ཞིག་བྱུང་ཡོད་པར་ རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་ འོན་ཀྱང་ཁོ་ཚོས་དོན་རྐྱེན་དེའི་ཐད་སི་རི་ཡེའི་གཞུང་ལ་ཐད་ཀར་སྐྱོན་བརྗོད་གང་ཡང་བྱས་མེད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG