ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༥/༣༡
བོད།
རྒྱ་གཞུང་གིས་བོད་ཆབ་མདོ་བཅིངས་འགྲོལ་ཟེར་བའི་དུས་དྲན་སྲུང་བརྩི།
༡༠།༡༠།༢༠༢༠
རྒྱ་གཞུང་གིས་བོད་ཆབ་མདོ་བཅིངས་འགྲོལ་ཟེར་བའི་དུས་དྲན་སྲུང་བརྩི།
འགྲེམ་སྤེལ།
འགྲེམ་སྤེལ།
Embed
share
རྒྱ་གཞུང་གིས་བོད་ཆབ་མདོ་བཅིངས་འགྲོལ་ཟེར་བའི་དུས་དྲན་སྲུང་བརྩི།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:58
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་གཞུང་གི་གསར་ལམ་ཁག་དང་སྤྱི་ཚོགས་དྲྭ་ཚིགས་བཅས་སུ་རྒྱ་ནག་གཞུང་གིས་ཆབ་མདོ་བཅིངས་འགྲོལ་བཏང་སྟེ་ལོ་༧༠་འཁོར་བའི་རྟེན་འབྲེལ་ལ་དགའ་སྟོན་བྱེད་བཞིན་ཡོད་ཅིང་། ཕྱི་ཚེས་༩་ཉིན་ཕ་ཡུལ་ཆབ་མདོ་ཕྱོགས་ནས་ཡིན་པའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་སྐད་ཆ་སྙན་པོ་ཞིག་བཤད་ནས་ཆབ་མདོ་བཅིངས་འགྲོལ་བཏང་སྟེ་ལོ་༧༠་འཁོར་བ་རེད་ཟེར་ཀྱང་དོན་དངོས་སུ་ཆབ་མདོ་རྒྱ་ནག་གི་བཙན་དབང་འོག་ཏུ་ཚུད་ནས་ལོ་༧༠་འཁོར་བ་རེད། དེ་རིང་གི་དགའ་སྟོན་གྱི་བྱེད་སྒོ་གཙོ་བོ་ཀྱང་རྒྱ་ནག་གཞུང་གི་བཀོད་སྒྲིག་ལྟར་མེས་རྒྱལ་ལ་དགའ་ཞེན། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་བསམ་ཤེས་བྱས་ནས་ཆབ་མདོའི་རྒྱ་ཆེ་མང་ཚོགས་ཀྱི་འཚོ་བ་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་ལུགས་དང་མ་འོངས་པར་འཚོ་བ་སྔར་ལས་ལྷག་པའི་ཡར་རྒྱས་འགྲོ་རྒྱུ་ཡིན་པས་བོད་པ་ཚོ་མདུན་སྐྱོད་བྱ་དགོས་ཟེར་གྱི་འདུག་ཅེས་བཤད།།
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་རྒྱ་གཞུང་གི་ལས་སྣེ་ཚོས་རྒྱ་ནག་སྟོབས་འབྱོར་མངའ་ཐང་ཅི་ཙམ་རྒྱས་ན་ཆབ་མདོ་ཡང་ཡར་རྒྱས་སོང་སྟེ་གྲོང་ཁྱེར་གྱི་རྣམ་པར་བསྒྱུར་ནས་འཛུགས་སྐྲུན་རྒྱ་བསྐྱེད་གཏོང་ཐུབ་ཅེས ཁྱབ་བསྒྲགས་བྱེད་ཀྱི་འདུག མང་ཚོགས་ཀྱི་སེམས་སུ་ཁོང་ཁྲོའི་མེ་འབར་ཀྱང་ཁ་ནས་དུ་བ་འཐོན་མི་ཐུབ་ཟེར་བའི་དཔེ་ལྟར་འདས་བའི་མི་ལོ་༧༠་རིང་ལ་བོད་པ་ཚོས་རྒྱ་ནག་གི་བཙན་དབང་འོག་ཏུ་གདུག་རྩུབ་ཚབས་ཆེན་མྱངས་པ་དང་༢༠༢༠་ནི་མྱ་ངན་གྱི་ལོ་ཞིག་ལ་བརྩི་དགོས་པ་རེད་བསམ་གྱི་འདུག་ཅེས་བཤད།།
རྒྱ་གཞུང་གི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ལོ་འདིར་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་༧༠་འཁོར་བ་རེད། འདི་ནི་རྒྱ་ཆེ་མང་ཚོགས་ལ་མཚོན་ན་ཆབ་སྲིད་ཀྱི་གནས་ཚུལ་ཆེན་པོ་ཞིག་དང་བཀྲ་ཤིས་པའི་ལོ་ཞིག་རེད། འདས་པའི་ལོ་༧༠་ཐམ་པར་ཕྱི་མིག་བལྟས་ན་རྨང་གཞིའི་འཛུགས་སྐྲུན་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོའི་ལམ་སྟོན་འོག་ཏུ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཕུགས་བསམ་གསར་པ་མངོན་དུ་འགྱུར་ཐུབ་ཅེས་བསྒྲགས། བོད་པ་བཙན་བྱོལ་བ་ཚོས་རྒྱ་ནག་གཞུང་གིས་ཆབ་མདོ་ཞི་བའི་བཅིངས་འགྲོལ་བཏང་ནས་མི་ལོ་༧༠་འཁོར་བའི་འུར་སྒྲོགས་བྱེད་ཀྱི་ཡོད་པ་ནི་རྒྱ་གཞུང་གིས་བོད་ཁམས་ཡོངས་སུ་དྲག་གནོན་དང་མནར་གཅོད་བཏང་ནས་མི་ལོ་༧༠་འཁོར་བའི་དུས་དྲན་ཞེས་འགྲེལ་ན་འོས་འཚམས་ཆེ་ཞེས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག
XS
SM
MD
LG