ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཁྲིམས་འགལ་གྱི་བཙོན་ཁང་དང་བཀག་ཉར་ཁང་།


རྒྱ་ནག་གི་སྤྱི་ཚོགས་སུ་ཉིན་ལྟར་སྲིད་གཞུང་ལ་བདེ་སྡུག་ཞུ་བར་མི་མང་སྙན་ཞུ་འབུལ་མཁན་སྟོང་ཕྲག་མང་པོ་འབྱུང་གི་ཡོད་པ་དང་། རྒྱ་ནག་གི་ཉེན་རྟོག་པ་ཚོས་མི་མང་སྙན་ཞུ་འབུལ་མཁན་ཚོར་རྡུང་རྡེག་བཏང་སྟེ་གོང་རིམ་གྱི་འགོ་ཁྲིད་ཚོར་སྙན་ཞུ་འབུལ་དུ་འཇུག་གི་མེད་པའངརྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཞིང་། ཕྱི་ཟླ་༡༢་ཚེས་༢་ཉིན་པེ་ཅིང་ན་གཞོན་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་པ་ལྟར་ན། ཕྱི་ཟླ་༡༡་ཚེས་༢༨་ཉིན་ཁྲའོ་དབྱང་ཁྲིམས་ཁང་གིས་སྲིད་གཞུང་ལ་སྙན་ཞུ་འབུལ་མཁན་མི་ཞིག་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ད་དུང་མི་གཞན་པ་༩་ལ་ཟླ་ཤས་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་སྤེལ་པ་མ་ཟད། རྒྱ་ནག་གི་གཱོང་མིང་ཉིན་རེའི་ཚགས་པར་གྱི་དྲ་རྒྱ་དང་། ད་དུང་དེ་མིན་གྱི་གཞུང་གཉེར་གསར་ཤོག་ཆེ་ཁག་གིས་པེ་ཅིང་ན་གཞོན་ཉིན་རེའི་ཚགས་པར་ལ་ཐོན་པའི་གནས་ཚུལ་དེ་འདྲེན་བཀོད་བྱས་ཀྱང་། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གཱོང་མིང་ཉིན་རེའི་ཚགས་པར་དང་མི་དམངས་ཉིན་རེའི་ཚགས་པར། གོ་ལའི་དུས་བབ་ཚགས་པར་སོགས་ཀྱིས་སྔ་ཉིན་རང་རང་གི་ཚགས་པར་ནང་དུ་འདྲེན་བཀོད་བྱས་ནས་སྤེལ་པའི་གནས་ཚུལ་དེ་བདེན་པ་མ་རེད་ཅེས་བསྐྱར་དུ་གསར་འགྱུར་སྤེལ་མོད། འོན་ཀྱང་རྒྱ་གཞུང་གི་ཚགས་པར་དེ་ཚོས་སྔ་ཉིན་སྤེལ་པའི་གསར་འགྱུར་དེ་བདེན་པ་མིན་ལུགས་ཇི་ལྟར་ཡིན་མིན་གྱི་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG