ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
སྐད་ཡིག
Tibetan English
འཚོལ།
འཚོལ།
རླུང་འཕྲིན་གྱི་ལེ་ཚན་ཁག
དྲྭ་ལམ་བརྒྱུད་བརྙན་འཕྲིན།
མདུན་ངོས།
བོད།
ཨ་རི།
རྒྱ་ནག
འཛམ་གླིང་།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
དཔེ་ཀློག
དེ་ལས་མང་བ།
Tibetan English
ལེ་ཚན་གསར་ཤོས།
བརྙན་འཕྲིན་འཕར་མ།
ཀུན་གླེང་།
ཀུན་གླེང་གསར་འགྱུར།
དྲ་སྣང་གི་བོད།
དྲ་བརྙན་གླེང་མོལ།
དྲ་བརྙན་གསར་འགྱུར།
དཀར་ཆགས་ཤོག་ངོས།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
ཐད་གཏོང་གསན་ན།
ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
རྗེས་མ།
༢༢:༠༠ - ༢༣:༠༠
དགོང་དྲོའི་རླུང་འཕྲིན།
༠༨:༠༠ - ༠༩:༠༠
སྔ་དྲོའི་རླུང་འཕྲིན།
དེ་ལས་མང་བའི་རླུང་འཕྲིན་ལེ་ཚན།
སྔ་དྲོའི་རླུང་འཕྲིན།
འཚོལ།
འཚོལ།
སྔོན་མ།
རྗེས་མ།
Breaking News
སྔོན་མ།
རྗེས་མ།
྆྆྆རླུང་འཕྲིན་ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
བོད།
རྒྱ་ནག་གིས་ལྷོ་བྲག་རྫོང་དུ་དམག་སྒར་གསར་འཛུགས།
༢༩།༠༥།༢༠༢༠
རྒྱ་ནག་གིས་ལྷོ་བྲག་རྫོང་དུ་དམག་སྒར་གསར་འཛུགས།
པར་འདེབས་པ།
༄༅།། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་དུག་ལ་གདོང་ལེན་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ལྷོ་ཁ་གྲོང་ཁྱེར། ལྷོ་བྲག་རྫོང་དུ་དམག་སྦྱོང་བྱ་ཡུལ་དམག་སྒར་ཨང་༣༢་པ་ཞེས་པ་ཞིག་གསར་འཛུགས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༥་པའི་ཚེས་༢༩་ཉིན་མིང་འདོན་བྱེད་འདོད་མེད་པའི་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་དང་འདྲ་པར་བཅས་བཏང་འབྱོར་བྱུང་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༨་ནས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས། ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་བྲག་རྫོང་། སྒྲོ་བ་གྲོང་རྡལ་ནས་སྤྱི་ལེ་༣༠་ཙམ་གྱི་མཚམས་སུ་ཡོད་པའི་སེང་ཆུའི་འགྲམ་དུ་དམག་སྦྱོང་ལྟེ་གནས་ཀྱི་དམག་སྒར་ཨང་༣༢ པ་ཟེར་བ་ཞིག་གསར་དུ་འཛུགས་སྐྲུན་གྱི་ལས་གྲྭ་འགོ་ཚུགས་ཡོད་པ་རེད།།
ཁོང་གིས་དེ་ནི་ལྷ་ས་ནས་སེངྒེ་ཁ་འབབ་ལ་བསྐྱོད་སའི་གཞུང་ལམ་ལྟེ་བར་ཁེལ་འདུག སྤྱིར་སེངྒེ་ཁ་འབབ་མངའ་འོག་ལ་མཚོན་ན་དམག་སྒར་མང་པོ་ཞིག་ཡོད་ཀྱང་དམག་སྒར་༣༢་པ་དེ་དམིགས་བསལ་ཛ་དྲག་གི་དགོས་མཁོའི་དུས་སུ་བཀོལ་སྤྱོད་གཏང་རྒྱུ་ཡིན་པར་མ་ཟད། དམག་སྒར་དེའི་དམག་མི་རྣམས་ཀྱང་དམག་སྦྱོང་དང་མཚོན་ཆ་སོགས་གང་ས་ཅི་ཐད་ནས་དམག་སྒར་གཞན་ལས་ཡག་ག་ཡོད་པ་ཤ་སྟག་བསྡུ་བཞིན་ཡོད་འདུག ཉེ་ཆར་ཕྱི་ཟླ་༥་པའི་ཚེ་༡༤་ཉིན་གྱི་ཞོགས་པར་ལྷོ་ཁ་གོང་དཀར་གནམ་ཐང་ནས་དམག་འཐབ་གནམ་གྲུ་བཞི་དང་དམག་མིའི་རླངས་འཁོར་༢༡་བཅས་ལྷོ་བྲག་དམག་སྒར་ཨང་༣༢་པར་བསླེབས་འདུག ད་ལྟ་གསར་དུ་འཛུགས་སྐྲུན་བྱེད་བཞིན་པའི་དམག་སྒར་༣༢ པ་ནི་༢༠༢༠་ལོའི་ཕྱི་ཟླ་༢་པའི་ནང་དུ་ལས་གྲྭ་འགོ་འཛུགས་འཆར་ཡོད་ཀྱང་སྐབས་དེར་ཏོག་དབྱིབས་ནད་དུག་ཁྱབ་པས་ལས་གཞི་མགོ་རྩོམ་ཐུབ་མེད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།།
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། དམག་སྒར་༣༢་པ་ནས་སེངྒེ་དམག་སྒར་བར་དུ་སྤྱི་ལེ་༧༠་ལྷག་ཡོད་ཅིང་། རྒྱ་གར་གྱི་ས་མཚམས་བར་དུ་ཕལ་ཆེར་དབྱིན་ལི་༢༠༠་ཡས་མས་ཤིག་ཡོད་ས་རེད། ཕྱི་ལོ་༢༠༢༢་ལོར་ས་ཆ་དེར་དམག་སྒར་ཆེན་པོ་ཞིག་ཚུགས་འཆར་ཡོད་འདུག ལྷོ་བྲག་རྫོང་གི་སྒྲོ་བ་ལུང་དང་གསར་འཛུགས་བྱེད་བཞིན་པའི་དམག་སྒར་༣༢ པ་ནས་གཡས་ཕྱོགས་སུ་ཕྱིན་ན་འབྲུག་འབུམ་ཐང་ཕྱོགས་སུ་སླེབས་རྒྱུ་རེད། གཡོན་ཕྱོགས་སུ་ཕྱིན་ན་རྒྱ་གར་གྱི་ས་མཚམས་སུ་སླེབས་ཀྱི་རེད། སེངྒེ་དམག་སྒར་ནི་ལྷོ་བྲག་ཁུལ་དུ་དམག་སྒར་མང་པོ་ཡོད་པའི་གྲས་ཀྱི་དམག་སྒར་ཆེ་ཤོས་དེ་རེད། ས་མཚམས་ཁག་ལ་དམག་མི་མང་ཤོས་སེངྒེ་དམག་སྒར་ནས་གཏོང་གི་འདུག ཕྱི་ལོ་༢༠༡༩་ལོར་གོང་དཀར་གནམ་ཐང་དེ་དམག་གི་ལྟེ་གནས་ལྟ་བུ་ཞིག་ཏུ་གྱུར། ཕྱི་ལོ་༢༠༡༨་ལོར་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་རྒྱལ་སྒོ་ཨང་༡༢ པ་དེ་དམག་མི་འགྲོ་སར་ཆེད་དུ་བཟོས། དེའི་རྗེས་སུ་རྒྱལ་སྒོ་ཨང་༡༡་དང་༢་པའང་དམག་མི་འགྲོ་ཡུལ་དུ་བཟོས་། སྔ་ལོ་ས་ཁུལ་གང་ས་ནས་ལྷོ་བྲག་རྫོང་གི་དམག་སྒར་ཁག་ལ་དམག་མི་འབུམ་ལྔ་ཙམ་བསྡུ་རུབ་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
འདི་དང་དུ་མཚུངས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ལ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཝུ་དབྱིན་ཅིས་ཕྱི་ཟླ་༥་ཚེས་༡༦་ཉིན་ལྷོ་བྲག་ཁུལ་དུ་ལས་དོན་རྟོག་ཞིབ་དང་མང་ཚོགས་ལ་ས་མཚམས་ས་ཁུལ་གལ་ཆེན་པོ་ཡིན་པ། མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་དགོས་པ་སོགས་ཀྱི་གཏམ་བཤད་བྱས་འདུག གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་བྲག་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཆེས་མཐའ་ཁུལ་དུ་ཆགས་པའི་ རྫོང་ཞིག་ཡིན་ཞིང་། བོད་དང་འབྲུག་ཡུལ། རྒྱ་གར་གསུམ་གྱི་ས་མཚམས་སུ་ཁེལ། ལྷག་པར་དུ་འབྲུག་ཡུལ་ལ་ཐག་ཉེ་བོ་ཡོད་འདུག ལྷོ་བྲག་རྫོང་གི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༤༤༢༦་དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༤༠༠་ཡོད་ཅིང་། ས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་༣་དང་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་༢༣༠་ཡོད། མི་འབོར་ཁྲི་༡.༧་ཡོད་པ་དང་ས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ལེ་༧༥༣༨་འདུག ས་ཆ་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༢༧༤༠་ཡོད་ཀྱང་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༨༢༠་ཙམ་གྱི་ས་བབ་སུ་ཆགས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
རྒྱ་ནག་གིས་ལྷོ་བྲག་རྫོང་དུ་དམག་སྒར་གསར་འཛུགས།
by
ཝི་ཨོ་ཨེ།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:05:29
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
རྒྱ་གཞུང་གིས་བོད་པ་ཚོས་བཞེངས་པའི་རྡོ་བརྐོས་མ་ཎི་དང་ལྷ་སྐུ་གཏོར་བཤིག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཉིན་བཅུའི་དྲྭ་ལམ་ལས་འགུལ།
དྲ་ཐོག་ཏུ་ལྟ་མཁན་མང་ཤོས།
དྲ་ཐོག་ཏུ་ལྟ་མཁན་མང་ཤོས།
༡
བྷ་ཌན་གྱི་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༢་མ་ཟིན་ཙམ་གྱི་ངལ་སེལ་ལས་འཆར།
༢
ཨ་རིའི་བོད་དོན་སྲིད་ཇུས་ཀྱིས་རྒྱ་གར་ལ་སྐུལ་ལྕག
༣
བལ་ཡུལ་གྱིས་༡༩༥༠ལོའི་ཆིངས་ཡིག་ལ་བསྐྱར་བཅོས་དགོས་པའི་འདུན་པ་བཏོན།
བརྙན་འཕྲིན་གཟིགས་མཁན་མང་ཤོས།
༡
བོད་ཀྱི་རྒྱལ་དར་བེད་སྤྱོད་གཏོང་ཕྱོགས་ལ་ཡིད་གཟབ་བྱེད་དགོས།
༢
སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ལ་དཔུང་འཛུལ།
༣
ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༡ ཚེས་༨
རླུང་འཕྲིན་གསན་མཁན་མང་ཤོས།
༡
༢༠༢༡ ལོའི་སྲིད་སྐྱོང་གི་སྔོན་འགྲོའི་གྲུབ་འབྲས་ལ་དཔྱད་པ།
༢
བྷ་ཌན་གྱི་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༢་མ་ཟིན་ཙམ་གྱི་ངལ་སེལ་ལས་འཆར།
༣
བལ་ཡུལ་གྱིས་༡༩༥༠ལོའི་ཆིངས་ཡིག་ལ་བསྐྱར་བཅོས་དགོས་པའི་འདུན་པ་བཏོན།
༤
ཨ་རིའི་བོད་དོན་སྲིད་ཇུས་ཀྱིས་རྒྱ་གར་ལ་སྐུལ་ལྕག
༥
ཨ་རིའི་མངའ་སྡེའི་རྒྱལ་ས་རྣམས་ལ་བདེ་འཇགས་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་བ།
Adobe flash Player སྟོན་སྟངས།
Embed
share
རྡ་ས་ཨ་མདོ་དགའ་སྤྲོའི་ཐུག་པ།
Embed
share
The code has been copied to your clipboard.
width
px
height
px
The URL has been copied to your clipboard
No media source currently available
0:00
0:04:07
0:00
རྡ་ས་ཨ་མདོ་དགའ་སྤྲོའི་ཐུག་པ།
འདི་ལ་དགའ་པོ་ཡོང་སྲིད།
རྡ་སར་འགོག་ཁབ་རྒྱག་འགོ་ཚུགས་པ།
ལྷ་སར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་འགོ་ཚུགས་པ།
ཅི་ལིན་ཞིང་ཆེན་ལ་ནད་དུག་ཁྱབ་ནས་མི་ས་ཡ་༣་རང་ཁྱིམ་དུ་བཀག་པ།
བལ་ཡུལ་གྱིས་༡༩༥༠ལོའི་ཆིངས་ཡིག་ལ་བསྐྱར་བཅོས་དགོས་པའི་འདུན་པ་བཏོན།
རྒྱ་གར་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་འགོ་ཚུགས་པ།
ཨ་རིའི་མངའ་སྡེའི་རྒྱལ་ས་རྣམས་ལ་བདེ་འཇགས་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་བ།
Back to top
XS
SM
MD
LG