ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱ་གར་ལ་བོད་དོན་ཐོག་བག་ལྷིང་ལྡན་པ་བྱེད་དགོས་པའི་སྐུལ་མ་བྱས་པ།


ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲདི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ རྒྱ་གར་གྱི་སྲིད་བློན་མན་མོ་ཧན་ སིང་མཆོག་རྣམ་གཉིས་མཇལ་འཕྲད་བྱུང་བའི་ཐད་རྒྱ་ནག་གིས་ད་རིང་གཟའ་མིག་དམར་ཉིན་སྐྱོན་བརྗདོ་ཀྱི་གཏམ་བཤད་བྱས་ཏེ་ རྒྱ་གར་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་དོ་ཕོག་མི་འབྱུང་བའི་ཆེད་དུ་བོད་ཀྱི་གནད་དོན་ཐད་བག་ཡོད་དང་ལྡན་པའི་སྒོ་ནས་ལས་དོན་བྱེད་དགོས་ཞེས་སྐུལ་མ་བྱས་ཡོད་པ་རེད། དེ་བཞིན་རྒྱ་གར་གཞུང་གིས་བོད་མི་ཚོར་བོད་ཀྱི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་ལྡན་པའི་བྱ་སྤྱདོ་གང་འདྲ་ཞིག་ཀྱང་སྤེལ་དུ་འཇུག་རྒྱུ་མེད་པའི་ཁས་ལེན་ལ་དམ་འཛིན་བྱེད་དགོས་ཀྱི་རེད་ཅེས་སྐུལ་མ་ཡང་བྱས་ཡོད་འདུག། འདིའི་སྐོར་འཛམ་གླིང་གི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG