ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨུ་རུ་སུ་གཉིས་བྱང་ཀོ་རི་ཡ་དང་ཨི་རན་ཐོག་མཉམ་འབྲེལ།


ལོ་མཇུག་ཏུ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་བྱང་ཀོ་རི་ཡ་དང་། ཨི་རན་གཉིས་ཀྱི་རྒྱལ་སྤྱིའི་གནད་དོན་ཐོག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་དེ་གཉིས་ཐོག་ད་དུང་མུ་མཐུད་མཁྲེགས་བཟུང་གི་སྲིད་བྱུས་འཛིན་བཞིན་ཡོད། ཨུ་རུ་སུ་དང་རྒྱ་ནག་གཉིས་ཐུན་མོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་ཅུང་ཟད་ལྷོད་དུ་གཏོང་རྒྱུའི་གྲོས་ཆོད་བཞག་ཐབས་བྱེད་ཀྱིན་ཡོད་པ་སོགས་གསར་འགྱུར་ནང་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG