ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༢༠༡༩་ལོའི་རྒྱ་དཀར་ནག་གི་འབྲེལ་བ།


མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་བྱེད་པའི་དྲག་སྤྱོད་པ་རྣམས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པ་དང་ཀ་ཤི་མིར་གྱི་གནད་དོན་ཐོག་ཏུ་རྒྱ་དཀར་ནག་གཉིས་ལ་ལངས་ཕྱོགས་མ་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ཀྱང་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཀྱི་སྣེ་ཁྲིད་འོག་ཏུ་སྤྱི་ལོ་༢༠༡༩་ལོར་རྒྱ་དཀར་ནག་གི་འབྲེལ་ལམ་དེ་གཏན་འཇགས་ངང་དུ་གནས་ཐུབ་འདུག་ཅེས་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བཞིན་འདུག ཉིན་ཤས་སྔོན་རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་ཚོ་ས་མཚམས་ཀྱི་གྲོས་མོལ་ཞིག་བྱུང་བ་དེའི་སྐབས་སུ་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་ཀྱི་གྲོས་ཟིན་ཞིག་རྒྱ་གར་ལ་ཕུལ་ཡོད་ཅིང་། ད་ལྟ་རྒྱ་གར་གྱིས་གྲོས་ཟིན་དེར་བསྐྱར་ཞིབ་བྱེད་བཞིན་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG