ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་དམ་དྲག་ཇེ་ཆེ།


ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་དུ་བརྟེན་གཞི་བཅས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་ཞིག་བཏོན་ཏེ། སྙན་ཐོ་དེར་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སོགས་ས་གནས་སྤྱི་དང་། ལྷག་པར་དུ་ཞིང་འབྲོག་ས་ཁུལ་ཁག་ལ་ཕྱི་ལོགས་ཀྱི་གསར་འགྱུར་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། བོད་པ་བཙན་བྱོལ་བའི་གནས་སྟངས་སོགས་ལ་འབྲེལ་བ་ཡོད་པའི་གསར་འགྱུར་དེ་རྣམས་བཀག་སྡོམ་བྱས་ཏེ། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱང་བོད་ཀྱི་ས་གནས་ཁག་ལ་ལྟ་སྐོར་དུ་ཡོང་རྒྱུ་བཀག་འགོག་བྱས་ཡོད་པ་དང་། ད་ལོའི་ཕྱི་ཟླ་༡༠་ཡས་མས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་འཚོགས་འཆར་ཡོད་པས། རྒྱ་ནག་གཞུང་གིས་ཚོགས་ཆེན་དེར་ཧ་ཅང་གཟབ་ནན་བྱས་ནས་བོད་པ་ཚོས་ངོ་རྒོལ་བྱེད་རྒྱུ་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG