ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱི་ཟླ་༢་པའི་ཚེས་༨་ཉིན་བསྒྲགས་རྒྱུ།


༄༅།། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༣་ཉིན་འཛམ་གླིང་རྒྱལ་ཁབ་༢༨་ཀྱི་ནང་དུ་གནས་འཁོད་བཙན་བྱོལ་བོད་མི་ཚོས་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་ཅིང་། འོས་བསྡུ་གྲུབ་སྟེ་ཕྱག་ཚོད་༢༤་ཡས་མས་ཀྱི་རྗེས་སུ་ས་གནས་ཁག་ཏུ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་རྣམས་གྲངས་བཤེར་བྱས་ནས་རིམ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་རྒྱ་ཁག་ལ་ཐོན་དང་འཐོན་བཞིན་ཡོད་པས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལ་དྲྭ་ལམ་དུ་འཐོན་གྱི་ཡོད་པའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་རྣམས་དངོས་བདེན་ཡིན་མིན་སོགས་ལ་བཅར་འདྲི་ཞུས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG