ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གྱིས་དབུ་མའི་ལམ་ནི་རང་བཙན་གྱི་ངོ་བོ་མི་འདྲ་བ་ཞིག་རེད་ཅེས་བརྗོད་པ།


རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་ལམ་ལུགས་བཅིངས་འགྲོལ་བཏང་བ་ཟེར་བའི་ཉིན་མོ་སྲུང་བརྩི་ཞུས་སྐབས། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གྱིས། བོད་ཀྱི་སྤྱི་ཚོགས་གསར་རྙིང་སྡུར་བ་དང་། ༧གོང་ས་མཆོག་གི་དབུ་མའི་ལམ་ངོས་ལེན་བྱེད་རྒྱུ་མེད་པའི་གཏམ་བཤད་བྱས་ཡོད་པ་རེད། འོན་ཀྱང་བཙན་བྱོལ་ནང་ཡོད་པའི་བོད་གནས་ཉམས་ཞིབ་པ་ཁག་གིས། སྤྱི་ཚོགས་གསར་རྙིང་བསྡུར་བ་དེ་ནི། རྒྱ་ནག་གིས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ཆབ་སྲིད་ཀྱི་བྱེད་སྲོལ་རྙིང་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་དབུ་མའི་ལམ་ལ་ལོགས་བཤད་རྒྱབ་ནས་བོད་དོན་བསེལ་འདོད་མི་བྱེད་པའི་སྐྱོན་བརྗོད་བྱས་འདུག དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG