ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༡༡/༢༩

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་ཐེ་ཝན་གྲོས་ཚོགས་འཐུས་མི་མཇལ་བ།


​རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་ཏེ་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཉེ་ཆར་ཚེས་༢༦་ཉིན་ཐེ་ཝན་དུ་ཕེབས་ཏེ་ཐེ་ཝན་དུ་ཉིན་གསུམ་གྱི་རིང་རྒྱ་ནག་གི་འགོ་ཁྲིད་བརྗེ་བསྒྱུར་དང་དམངས་གཙོའི་ཐད་ལ་བགྲོ་གླེང་གི་ཚོགས་ཆེན་ཞིག་ལ་འཚོགས་པར་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཡང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་ཐེ་ཝན་གྲོས་ཚོགས་ཀྱི་མགྲིན་ཚབ་པ་དང་གྲོས་ཚོགས་འཐུས་མི་དང་ཚོགས་པ་ཁག་གི་འགོ་ཁྲིད་ཚོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་བཅས་དང་མཇལ་འཕྲད་སོགས་ལས་དོན་གནང་བཞིན་ཡོད་པའི་ཐད་ཚེ་རིང་སྐྱིད་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་མཉམ་དུ་ཕེབས་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་སུ་བཀའ་འདྲི་ཞུས་ཡོད།
XS
SM
MD
LG