ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༢/༢༧

ཁེམ་བྷོ་ཌི་ཡ་དང་ཧྥི་ལི་ཕིན་གྱི་རྩོད་གླེང་།


རྒྱ་ནག་དང་ཧྥི་ལི་ཕིན་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་ཁག་ཅིག་གི་བདག་དབང་བརྩད་ནས་འགལ་ཟླ་ཆེན་པོ་ཡོད་པ་དང་། ཉེ་ཆར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་སྟེ། ཧྥི་ལི་ཕིན་ལ་བཅའ་སྡོད་ཁེམ་ཎོ་ཌི་ཡའི་གཞུང་ཚབ་པས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་གནད་དོན་ཐོག་ཏུ་ཧྥི་ལི་ཕིན་ལ་སྐྱོན་བརྗོད་བྱས་པར་བརྟེན། ཧྥི་ལི་ཕིན་གྱི་ཕྱི་སྲིད་ལྷན་ཁང་གིས་ཁེམ་བྷོ་ཎི་ཡའི་གཞུང་ཚབ་པས་སྐྱོན་བརྗོད་བྱས་དགོས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་རྒྱག་ཏུ་འབོད་འགུགས་བྱས་ཀྱང་། ཁེམ་བྷོ་ཎི་ཡའི་གཞུང་ཚབ་པ་ཧྥི་ལི་ཕིན་གྱི་ཕྱི་སྲིད་ལྷན་ཁང་ལ་ངོ་བཅར་ཞུས་མེད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བློ་བཟང་བསྟན་པས་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG