ངོ་འཕྲད་བདེ་བའི་དྲ་འབྲེལ།

སྦེལ་ཀོབ་གཞིས་ཆགས་སུ་ས་གནས་གྲོས་ཚོགས་འཛུགས་དགོས་པའི་འབོད་སྐུལ། 


First Tibetan National General Meeting 2010
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ལམ་ཕྱི་ཟླ་༡༡་ཚེས་༡༠་ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཚོགས་འགུལ་སྐྱོད་ཚོགས་པས་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་དང་དབུས་འོས་བསྡུ་ལས་ཁང་ཐུང་མོང་གིས་འགན་བཞེས་འོག་བཅའ་ཁྲིམས་སུ་དབང་ཆ་སྤྲད་ཡོད་པ་རྣམས་ལོངས་སུ་སྤྱད་ནས་ས་གནས་གྲོས་ཚགས་འཛུགས་རྒྱུ་དངོས་སུ་ལག་ལེན་བསྟར་དགོས། བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་གཉིས་སུ་ས་གནས་གྲོས་ཚོགས་གསར་དུ་འཛུགས་དགོས་པའི་གཞུང་འབྲེལ་གྱི་བཀོད་ཁྱབ་དང་ལམ་སྟོན་བཀའ་ཡིག་འཕྲལ་དུ་གནང་སྐྱོང་ཡོད་པ་ཞུ་ཞེས་དབྱིན་བོད་གཉིས་ཀྱི་འབོད་སྐུལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།།

འགུལ་སྐྱོད་ཚོགས་པའི་ངེས་སྟོན་པ་རྣམ་རྒྱལ་ཆོས་འཕེལ་གྱིས་བོད་མིའི་གཞིས་ཆགས་གཞན་ཁག་ལ་ས་གནས་གྲོས་ཚོགས་ཡོད་ཀྱང་སྦེལ་ཀོབ་བོད་མིའི་གཞིས་ཆགས་གསར་རྙིང་གཉིས་ལ་འགལ་རྐྱེན་སྣ་ཚོགས་ཤིག་གིས་ས་གནས་གྲོས་ཚོགས་ཚུགས་ཐུབ་མེད་ཅིང་། ཕྱི་ལོ་༢༠༡༢་ཙམ་ནས་སྤྱི་ཚོགས་འགུལ་སྐྱོད་ཚོགས་པས་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་དང་བཀའ་ཤག་བཅས་ལ་སྦེལ་ཀོབ་གཞིས་ཆགས་སུ་ས་གནས་གྲོས་ཚོགས་འཛུགས་དགོས་པའི་འབོད་སྐུལ་ལན་མང་ཞུས་པ་ཡིན། སྤྱི་འཐུས་རྣམས་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་སུའང་དེ་དོན་ནན་སྐུལ་རིམ་པ་ཞིག་ཞུས་ཀྱང་དོན་འབྲས་གང་ཡང་སོན་མ་སོང་། ང་ཚོའི་འབོད་སྐུལ་ཁག་ལ་དོན་འབྲས་མ་སོན་པའི་དཀའ་ངལ་གྱི་འགག་རྩ་གཙོ་བོ་ནི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་དགོན་སྡེ་ཁག་གི་ཕྱག་མཛོད་དང་མཉམ་འབྲེལ་གྱི་ལས་བྱེད་པ་སྟེ། སྤྱི་མི་རྒྱ་དཔོན་རྣམས་ལོ་དུས་རིམ་སོང་གིས་མགྱོགས་མྱུར་འཕོ་འགྱུར་འགྲོ་བཞིན་པར་ཐུག་འདུག ད་ལྟ་ཐབས་ལམ་གཞན་ཞིག་བརྒྱུད་ནས་ས་གནས་གྲོས་ཚོགས་འཛུགས་རྒྱུའི་རེ་སྐུལ་ཞུ་ཡི་ཡོད་ཅེས་བསྒྲགས།།

སྤྱི་ཚོགས་འགུལ་སྐྱོད་ཚོགས་པ་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཚུགས་པའི་གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་ཞུའི་དང་བླངས་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེ་ཕྱི་ལོ་༢༠༡༡་ལོར་བོད་པ་ན་གཞོན་ཁག་ཅིག་གི་ས་གནས་ཀྱི་དཀའ་ངལ་སེལ་ཐབས་སུ་བཙུགས་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བདུན་པའིད དོན་ཚན་དོན་བརྒྱད་པར་ས་གནས་འཐུས་མིའི་ཚོགས་འདུའི་སྐོར་གསལ་འདུག དོན་ཚན་དང་པོར་བོད་མིའི་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་འཚོགས་དགོས་ཞེས་འཁོད། དོན་ཚན་གཉིས་པར་ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད་ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད། འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་དུ་ས་གནས་འགོ་འཛིན་དང༌འགོ་འཛིན་ལས་རོགས་ལ་གོ་སྡུར་བྱེད་དགོས་ཞེས་གསལ་འདུག་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG