༄༅།། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་ཚོགས་ཆུང་ཁག་གི་འགྲན་རྩོད་ཐེངས་དང་པོ་ནི་ཨ་ཡོ་ཝ་མངའ་སྡེར་འགོ་ཚུགས་ཡོད་ཅིང་། འོས་མི་འདེམས་སྒྲུག་གི་གྲུབ་འབྲས་ཁག་གསལ་བསྒྲགས་བྱ་རྒྱུ་ཕྱིར་འགྱངས་བྱས་ཀྱང་ད་ཆ་གྲུབ་འབྲས་ཐོན་རིམ་ཁག་ལ་གཞིགས་ན་སྲིད་འཛིན་འོས་མི་ཚོའི་ནང་ནས་རྒྱབ་སྐྱོར་མང་ཤོས་ཐོབ་མཁན་ནི་ལོ་ཆུང་ཤོས་དེ་ཆགས་ཡོད་པ་དང་། འདེམས་སྒྲུག་ཚོགས་ཆུང་གི་འགྲན་རྩོད་གཉིས་པ་དེ་ཕྱི་ཟླ་༢་པའི་ཚེས་༡༡་ལ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར། གསར་འགྱུར་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།