ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

འབར་མའི་སྲིད་དོན་བཙོན་པ་གློད་གྲོལ།


འབར་མའི་སྲིད་དོན་བཙོན་པ་གློད་གྲོལ།
འབར་མའི་སྲིད་དོན་བཙོན་པ་གློད་གྲོལ།

ད་རིང་གཟའ་པ་སངས་ཉིན་འབར་མའི་སྲིད་འཛིན་ཐེན་སེན་གྱིས་རྒྱལ་ཡོངས་ཞི་འགྲིག་ཡོང་བའི་ཆེད་དུ་སྲིད་དོན་བཙོན་པ་༦༥༡་ལ་ཉེས་ཡངས་བཏང་སྟེ། ཁོང་ཚོ་བཙོན་ཁང་ནས་རང་ཁྱིམ་ལ་གློད་གྲོལ་བཏང་ཡོད་པ་དང་། སྲིད་དོན་བཙོན་པ་དེ་དག་གི་གྲས་སུ་༡༩༨༨་ལོར་སློབ་ཕྲུག་གི་དམངས་གཙོའི་གྱེན་ལོག་འགོ་ཁྲིད་མིན་ཁོ་ཎི་ཡི་དང་ཕྱི་ལོ་༢༠༠༧་ལོར་དགེ་འདུན་པའི་དམངས་གཙོའི་ངོ་རྒོལ་ལས་འགུལ་གྱི་འགོ་ཁྲིད་དགེ་སློང་ཨུ་གྷམ་བི་ཡ། རང་ལོ་༩༣་ལ་སོན་པའི་ཤན་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ཁུན་ཐུ་ཨུ་དང་། འབར་མའི་སྲིད་བློན་ཟུར་པ་ཞིག་དང་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པ་བཅས་འབར་མའི་དམངས་གཙོ་དོན་གཉེར་པ་སྐད་གྲགས་ཅན་དང་སྲིད་གཞུང་གི་ལས་སྣེ་ཟུར་པ། གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་དང་གསར་འགོད་པ་སོགས་མི་འདྲ་མིན་སྣ་གས་ཤིག་འདུས་ཡོད་པ་རེད།

XS
SM
MD
LG