ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

འབར་མའི་ས་ཞིང་ཐོབ་ཐང་།


འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་འབར་མ་རྒྱལ་ཁབ་ལ་དམག་གིས་དབང་སྒྱུར་བྱས་ནས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་འབྲེལ་བཅད་པ་དང་། ད་ལྟ་འབར་མའི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་བཏང་སྟེ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་འབར་མའི་ས་ཁང་ཁྲོམ་རར་མ་རྩ་འཛུགས་ཀྱི་ཡོད་པས། དེང་སྐབས་འབར་མའི་ས་གནས་ཁག་ཅིག་གི་ས་ཁང་གི་རིན་གོང་གནམ་ལ་འཕར་ཡོད་ཅིང་། འབར་མའི་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་འཛུགས་འཇོག་བྱས་ཚེ། མི་མང་དཀྱུས་མ་རྣམས་དབུལ་ཕོངས་ཀྱི་གནས་ནས་གྲོལ་ཐུབ་པའི་རེ་བ་འཆང་མོད། ཡིན་ནའང་འབར་མའི་མི་མང་དབུལ་ཕོངས་ཚོས་ས་ཁང་ཉོ་མི་ཐུབ་པར་དཀའ་ངལ་གསར་པ་ཞིག་ལ་གདོང་ལེན་བྱེད་དགོས་ཐུག་འདུག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཉོ་ཚོང་བྱེད་བཞིན་ཡོད་པའི་ས་ཆ་མང་དག་ཅིག་སྔོན་ཆད་འབར་མའི་དམག་གཞུང་གིས་གཞུང་བཞེས་བཏང་བའི་མི་མང་གི་ས་ཆ་ཡིན་རུང་། འབར་མའི་མི་མང་གི་ཁྲོད་དུ་ས་ཆའི་བདག་དབང་གི་ཡིག་ཆ་སྟོན་རྒྱུ་ཡོད་པའི་མི་གྲངས་ཧ་ཅང་ཉུང་ཤས་ཤིག་ལས་མེད་པ་དང་། འབར་མའི་དམངས་གཙོ་དོན་གཉེར་པ་ཨང་ཐུང་གིས་གསར་འགོད་པར་བཤད་པ་ལྟར་ན། འབར་མའི་མི་མང་དཀྱུས་མའི་གྲས་སུ་དམག་གཞུང་ལ་འབྲེལ་བ་ཡོད་པ་དང་། ཁོང་ཚོར་འབར་མའི་དམག་གི་འགོ་ཁྲིད་ཚོས་ས་ཆའི་བདག་དབང་གི་ཡིག་ཆ་སྤྲད་ཡོད་པ་མང་པོ་མེད་ཅེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG