ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བྷར་མའི་གྱེན་ལོག་པར་སྐྱོབ་གསོ་མཁོ་སྤྲོད།


གཟའ་ཟླ་བའི་སྔ་དྲོར་བྷར་མའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཀ་ཆིན་གྱེན་ལོག་པའི་ས་ཁུལ་དུ་སླར་ཡང་སྐྱོབ་གསོ་ཐེངས་གཅིག་སྐྱེལ་འདྲེན་བྱེད་དུ་བཅུག་ཡོད་པ་དང་། དེ་རིང་གི་དོ་སྐྱེལ་རླངས་འཁོར་དེ་དག་གི་ནང་དུ་སྐྱབས་བཅོལ་བ་༢༢༠༠་ཙམ་ལ་དུས་ཡུན་ཟླ་བ་གཅིག་ཡས་མས་སུ་འདང་གུར་དང་ཟ་རྒྱུ། སྨན་བཅས་ཡོད་ཅིང་། ཁ་སྔོན་གཟའ་སྤེན་པའི་ཉིན་ཡང་སྐྱབས་བཅོལ་བ་༡༡༠༠་ཙམ་ལ་འདང་བའི་སྐྱོབ་གསོ་མཁོ་སྤྲོད་བྱས་རུང་། ད་བར་བྷར་མའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཀ་ཆིན་གྱེན་ལོག་པའི་ས་ཐོག་ཏུ་སྐྱོབ་གསོ་ཐེངས་གཉིས་ལས་སྐྱེལ་འདྲེན་བྱེད་དུ་བཅུག་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྷར་མའི་གཞུང་ལ་ཀ་ཆིན་རང་བཙན་སྒྲིག་འཛུགས་ཀྱི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་དེར་སྐྱོབ་གསོ་མཁོ་སྤྲོད་བྱེད་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་སྟེ། བྷར་མའི་རྒྱལ་ས་རན་གུན་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཨ་ཝིན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། བྷར་མའི་གྱེན་ལོག་པའི་ས་ཁུལ་དེར་ཉུང་མཐའ་ཡང་རང་ཁྱིམ་སྟོང་བའི་སྐྱབས་བཅོལ་བ་ཁྲི་ཚོ་༥་ཙམ་ཡོད་པ་དང་། ཁོང་ཚོར་དགོས་ངེས་ཀྱི་སྐྱོབ་གསོ་རོགས་རམ་སྤྲོད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG