ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཎིའུ་ཡོཀ་དུས་བབ་ཚགས་པར་དང་རྦུ་ལུམ་བྷར་གྷེ་གསར་འགྱུར་ལས་ཁང་གི་རྒྱ་ཡིག་དྲ་རྒྱ་ཁག་སྒོ་བརྒྱབ་སྟེ། འདས་པའི་ལོ་ངོ་༡་ཡས་མས་ཤིག་ལ་ཨ་རིའི་གསར་འགྱུར་ལས་ཁང་དེ་དག་གིས་དྲ་ལམ་ལ་སྤེལ་པའི་རྒྱ་ཡིག་གི་གསར་འགྱུར་རྣམས་རྒྱ་ནག་གི་ནང་དུ་བལྟ་ཀློག་བྱེད་ཀྱི་ཐུབ་ཀྱི་མེད་པ་དང་། དེ་རིང་གཟའ་ལྷག་པའི་ཉིན་དབྱིན་ཇིའི་གྷ་ཌི་ཡན་ཚགས་པར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གི་ནང་དུ་གྷ་ཌི་ཡན་ཚགས་པར་གྱི་རྒྱ་ཡིག་དྲ་རྒྱ་ཡང་སྒོ་འབྱེད་མི་ཐུབ་པ་དང་། གྷ་ཌི་ཡན་གསར་ཁང་གི་ལས་སྣེ་ཚོས་རྒྱ་ནག་གཞུང་གིས་དེ་ལྟར་བྱས་དགོས་དོན་ཅི་ཡིན་རྒྱུ་མཚན་ཤེས་རྟོགས་ཐུབ་ཀྱི་མེད་ཅིང་། སྔ་ལོ་ཨ་མི་རི་ཀའི་ཎིའུ་ཡོཀ་དུས་བབ་ཚགས་པར་དང་རྦུ་ལུམ་བྷར་གྷ་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་སྲིད་བློན་ཟུར་པ་ཝུན་ཅ་པའོ་དང་སྲིད་འཛིན་ཞིས་ཅིན་ཕིང་སོགས་མཐོ་རིམ་འགོ་ཁྲིད་ཚོའི་བཟའ་ཟླ་བུ་ཕྲུག་དང་གཉེན་ཚན་སོགས་ལ་དངུལ་སྒོར་དང་རྒྱུ་དངོས་ཅི་ཡོད། ཁོ་ཚོས་ཚོང་ལས་གང་འདྲ་ཞིག་གཉེར་གྱི་ཡོད་མེད་ལ་རྩད་གཅོད་བྱས་ནས་གནས་ཚུལ་ཞིབ་ཕྲ་སྤེལ་པས། རྒྱ་ནག་གཞུང་གིས་ཎིའུ་ཡོཀ་དུས་བབ་ཚགས་པར་དང་རྦུ་ལུམ་བྷར་གྷ་གསར་འགྱུར་ལས་ཁང་གི་རྒྱ་ཡིག་དྲ་རྒྱ་ཁག་རྒྱ་ནག་གི་ནང་དུ་བལྟ་ཀློག་བྱེད་མི་ཐུབ་པའི་བཀག་འགོག་བྱས་ཡོད་པ་དང་། དེ་རིང་ཕྱི་ཚེས་༨་ཉིན་དྲ་རྒྱའི་རྒྱུད་ལམ་ཞིབ་འཇུག་པ་ཚོས་གནས་ཚུལ་སྤེལ་པ་ལྟར་ན། ཁ་རྩང་གཟའ་མིག་དམར་ནས་རྒྱ་ནག་གཞུང་གིས་གྷ་ཌི་ཡན་ཚགས་པར་གྱི་དྲ་རྒྱ་བཀག་ཡོད་པ་རེད།།
XS
SM
MD
LG