ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་དོན་ཚོགས་པ་གཉིས་ཀས་འོས་བསྡུའི་གྲུབ་འབྲས་ལ་རྩོད་པ་རྒྱག་འཆར།


༄༅།། ལོ་འདིར་ལོ་ཏོག་དབྱིབས་རིམས་ནད་ཀྱིས་ཨ་རིའི་སྲིད་འཛིན་འོས་འདེམས་ཉིན་མོར་མི་མང་པོ་ཞིག་དངོས་སུ་འོས་ཤོག་འཕེན་དུ་ཕྱིན་ཚེ། རང་གཞན་གཉིས་ཀར་ཏོག་དབྱིབས་ནད་དུག་བགོ་སྲིད་པའི་འཇིགས་སྣང་གིས་མི་མང་ཕོན་ཆེན་ཞིག་གིས་སྔོན་ནས་སྦྲག་ཐོག་ཏུ་འོས་ཤོག་བསྐུར་ཏེ་འོས་འདེམས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་སྲིད་འཛིན་ཊམ་གྱིས་སྦྲག་ལམ་བརྒྱུད་ནས་འོས་འདེམས་བྱེད་ཀྱི་ཡོད་པ་དེ་དྲང་བདེན་ཞིག་མེད་ལུགས་བརྗོད་ཀྱི་ཡོད་ཅིང་། གལ་སྲིད་ཟླ་བའི་རྗེས་མའི་འོས་འདེམས་དུས་སུ་སྲིད་འཛིན་གྱི་འོས་མི་གཉིས་ཀྱི་གཅིག་ལ་རྒྱལ་ཕམ་གྱི་དབྱེ་འབྱེད་གསལ་པོ་ཐོན་པའི་གྲུབ་འབྲས་ཤིག་མ་བྱུང་ན་ཕྱོགས་གཉིས་ཀས་ཁྲིམས་ཁང་ལ་གཏུགས་ནས་རྩོད་པ་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG