ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གཞུང་གིས་པཱོ་ཞི་ལེ་གནས་དབྱུང་།


རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པཱོ་ཞི་ལེ་གུང་ཁྲན་ཏང་གི་མི་རབས་ལྔ་བའི་མཐོ་རིམ་འགོ་ཁྲིད་གྲས་སུ་འདེམ་ཐོན་ཡོང་རྒྱུ་དང་། མི་མང་པོ་ཞིག་གིས་ལོ་མཇུག་འདིར་འཚོགས་འཆར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་ཐོག་ཏུ་པཱོ་ཞི་ལེ་ལ་གོ་གནས་མཐོན་པོ་ཞིག་འཐོབ་རྒྱུའི་ཚོད་དཔག་དང་རེ་བ་འཆང་རུང་། དེ་རིང་ཕྱི་ཟླ་༣་ཚེས་༡༥་ཉིན་རྒྱ་ནག་གཞུང་གིས་པཱོ་ཞི་ལེ་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ནས་འཕོ་འགྱུར་བཏང་བ་དང་། ཁོང་གི་ཚབ་ལ་སྲིད་བློན་གཞོན་པ་ཀྲང་ཏེ་ཅང་བསྐོ་བཞག་བྱས་པའི་གནས་ཚུལ་སྤེལ་ཡོད་པས། པཱོ་ཞི་ལེ་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་མཐོ་རིམ་འགོ་ཁྲིད་གྲས་སུ་འདེམ་ཐོན་ཡོང་རྒྱུའི་རེ་བ་དང་ཚོད་དཔག་གཉིས་ཀ་མངོན་དུ་འགྱུར་ཐུབ་མེད་པ་རེད།

XS
SM
MD
LG