རྒྱ་ནག་གི་ཧྲན་ཤིའི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་ལས་ཁུངས་མདུན་དུ་འབར་གས་བྱུང་ནས་མི་གཅིག་བསད་པ་དང་མི་བརྒྱད་ལ་རྨས་སྐྱོན་བྱུང་ཡོད་ཅིང་། དེ་རིང་བྱུང་བའི་འབར་གས་ཀྱི་གནས་ཚུལ་དེ་ནི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་ལ་འབར་གས་ཀྱི་གཏོར་རྒོལ་བྱུང་བའི་རྗེས་སུ་རྒྱ་ནག་ཁྱོན་སྤྱི་ཡོངས་ལ་བདེ་འཇགས་ཐད་དམ་དྲག་ཆེན་པོ་བྱེད་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་གལ་ཆེའི་ཚོགས་ཆེན་ཞིག་འཚོགས་གྲབས་ཡོད་པའི་སྐབས་དེར་བྱུང་བ་ཞིག་ཡིན་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་འཐོན་པ་རྣམས་པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་གནང་བ་ཞིག་གསན་རོགས་གནང་།