ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་རྣམ་གཉིས་ཀྱི་དྲྭ་ལམ་ཐུག་འཕྲད།


༄༅།། དེ་རིང་ཕྱི་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་ཀྱི་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་ཞིག་བྱེད་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་གྱི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱེད་ཚེ། ཨ་མི་རི་ཀས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་ལྗིད་པོ་འགེལ་རྒྱུ་ཡིན་ཞེས་ཉེན་བརྡ་གཏོང་རྒྱུ་ཡིན་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG