ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཐེ་ཝན་དམངས་གཙོའི་ཚོགས་ཆེན་ལ་མགྲོན་འབོད་བྱས་པར་དགའ་བསུ།


༄༅།། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་གཟའ་འཁོར་འདིར་འཛམ་གླིང་རྒྱལ་ཁབ་༡༡༠་ཐམ་པའི་སྲིད་གཞུང་དང་མང་ཚོགས་ཀྱི་ཚོགས་སྡེ་ཁག་གི་འགོ་ཁྲིད་ཚོ་མགྲོན་འབོད་བྱས་ནས་དམངས་གཙོའི་ཚོགས་ཆེན་ཞིག་འཚོགས་ཀྱི་ཡོད་པ་དེར་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུས་པ་ནི་རླབས་ཆེན་ཞིག་རེད་ཅེས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་ཞིག་གིས་བསྔགས་བརྗོད་བྱས་ཤིང་། རྒྱ་ནག་གཞུང་ཨ་རིའི་དམངས་གཙོའི་ཚོགས་ཆེན་ལ་ཐེ་ཝན་གྱི་སྐུ་ཚབ་མགྲོན་འབོད་བྱས་པར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་མི་རི་ཀས་ཐེ་ཝན་གྱི་དམངས་གཙོའི་གྲུབ་འབྲས་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསལ་སྟོན་གནང་འདུག་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG