ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༡༨

བྷ་ཌན་གྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་འོས་མི་འདེམས་སྒྲུག


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་བགྲེས་ཡོལ་དུ་ཕེབས་ཀྱི་ཡོད་པ་དེའི་ཚབ་ཏུ་ཁྲིམས་དཔོན་གྱི་འོས་མིར་མི་རིགས་ནག་པོའི་བུད་མེད་ཁྲིམས་དཔོན་ཞིག་འདེམས་སྒྲུག་བྱས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱིས་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་ཐོབ་ཚེ། ཨ་རིའི་ལོ་རྒྱུས་སུ་ཆེས་ཐོག་མར་མི་རིགས་ནག་པོའི་བུད་མེད་ཅིག་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་བསྐོ་བཞག་འབྱུང་རྒྱུ་དང་སྲིད་འཛིན་བྷ་ཌན་གྱིས་འོས་འདེམས་ལས་འགུལ་སྐབས་སུ་ཁས་ལེན་བྱས་པའང་འགྲུབ་རྒྱུ་ཡིན་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG