ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དམག་ལ་འབྲེལ་བ་ཡོད་པའི་ཚོང་ལས་ཁག་ལ་མ་རྩ་བཀག་སྡོམ།


༄༅།། སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་སྟེ། མི་དམངས་ལ་གསང་ཉུལ་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་སོགས་ལ་རྡོག་བརྫིས་གཏོང་བའི་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་བཀག་སྡོམ་གསར་པ་ཞིག་བྱས་འདུག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་གྱི་ཐོ་གཞུང་ནག་པོར་བཀོད་ཀྱང་སྲིད་འཛིན་བྷ་ཌན་གྱིས་ཐོ་གཞུང་དེ་རྒྱ་བསྐྱེད་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG