ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་དབྱིན་ཨོ་གསུམ་གྱི་འཐབ་ཇུས་མཉམ་འབྲེལ་ལ་ཧྥ་རན་སི་ཁོང་ཁྲོ།


༄༅།། རྒྱ་ནག་ལ་ཁ་གཏད་གཅོག་པར་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཨ་དབྱིན་ཨོ་གསུམ་སྟེ། ཨ་རི་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་གསུམ་གྱིས་འཐབ་ཇུས་མཉམ་འབྲེལ་གསར་འཛུགས་བྱས་པར་ཧྥ་རན་སི་ཁོང་ཁྲོ་ལངས་ཡོད་ཅིང་། དེའི་རྒྱུ་མཚན་ནི་ཧྥ་རན་སིའི་དམག་དོན་བཟོ་ཚོང་ཁང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་མཚོ་དམག་ལ་ཨ་སྒོར་དུང་ཕྱུག་༦༠༠་ལྷག་གི་མཚོ་འོག་དམག་གྲུ་བཟོ་རྒྱུའི་གྲོས་མཐུན་བཞག་ཀྱང་ཨོ་གླིང་གཞུང་གིས་གྲོས་མཐུན་དེར་བརྩི་མེད་བཏང་སྟེ་ཨ་རི་ནས་རྡུལ་ཕྲན་ནུས་ཤུགས་ཀྱི་མཚོ་འོག་དམག་གྲུ་ཉོ་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། དེར་བརྟེན་ཡུ་རོབ་མཉམ་འབྲེལ་ཡང་ཧྥ་རན་སིའི་རྒྱབ་རྩར་ལངས་ནས་ཨ་དབྱིན་ཨོ་གསུམ་གྱི་ལངས་ཕྱོགས་ལ་མི་འདོད་རྣམ་འགྱུར་སྟོན་གྱི་ཡོད་པར་མ་ཟད། རྒྱ་ནག་གིས་ཨ་དབྱིན་ཨོ་གསུམ་གྱི་འཐབ་ཇུས་མཉམ་འབྲེལ་གསར་པར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པའི་སྐོར། རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG