ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་ཡུལ་ལ་ཕྱི་རྒྱལ་གྱི་རླངས་འཁོར་ནང་འདྲེན་བྱ་རྒྱུ་བཀག་སྡོམ།


Virus Outbreak Bhutan Vaccinations
Virus Outbreak Bhutan Vaccinations

༄༅།། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་སྒོར་བསྲི་ཚགས་དང་སིངྒ་ལ་ལྟར་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་སྲིད་པ་གཡོལ་ཐབས་སུ་ཕྱི་རྒྱལ་ནས་རླངས་འཁོར་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་འདུག

༄༅།། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་སྒོར་བསྲི་ཚགས་དང་སིངྒ་ལ་ལྟར་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་སྲིད་པ་གཡོལ་ཐབས་སུ་ཕྱི་རྒྱལ་ནས་རླངས་འཁོར་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་འདུག ཕྱི་ཟླ་༨་པའི་ཚེས་༢༢་ཉིན་རང་བཙན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་ལ་སྐྱེལ་འདྲེན་རླངས་འཁོར་དང་ས་འབྲུ་འཕྲུལ་ཆས། འབྲུག་ཡུལ་གྱི་ཞིང་ལས་ལ་མཁོ་བའི་འཕྲུལ་ཆས་ཁག་མ་གཏོགས་ཕྱི་རྒྱལ་གྱི་རླངས་འཁོར་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞིང་། ༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ། ད་ལོ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་པ་སོགས་ཀྱིས་འབྲུག་ཡུལ་ལ་དངོས་ཟོག་གི་རིན་གོང་འཕར། འབྲུག་གཞུང་གིས་གསོག་འཇོག་བྱས་ཡོད་པའི་ཕྱི་རྒྱལ་གྱི་དངུལ་སྒོར་ཉུང་དུ་ཕྱིན་ནས་དཔལ་འབྱོར་སྲིད་ཇུས་ལ་བཅོས་འགྱུར། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་ལར་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་འབྲུག་ཡུལ་ལ་མི་འབྱུང་བའི་འབད་བརྩོན། འབྲུག་ཡུལ་ལ་དགོས་ངེས་ཀྱི་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༨་པའི་ཚེས་༡༨་ནས་ལག་ལེན་བསྟར་འགོ་ཚུགས་པའི་འབྲུག་གཞུང་གི་བཀོད་ཁྱབ་ཅིག་ཏུ་འབྲུག་ཡུལ་གྱི་ནོར་སྲིད་ལྷན་ཁང་གིས་འབྲུག་དངུལ་ས་ཡ་༡་དང་ཕྱེད་ཀ་སྟེ། ཨ་སྒོར་༡༨༧༥༠་དང་དབྱིན་སྒོར་༡༥༨༨༥་ལས་རིན་གོང་དམའ་བའི་ཕྱི་རྒྱལ་གྱི་སྐྱེལ་འདྲེན་རླངས་འཁོར་རྣམས་ནང་འདྲེན་བྱེད་ཆོག་པའི་དམིགས་བསལ་ཆག་ཡང་སྤྲོད་ཆོག རླངས་འཁོར་དེ་རྣམས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ལ་བཀོལ་སྤྱོད་བྱེད་དགོས། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་སྒོར་འདང་ངེས་ཤིག་བཀར་འཇུག་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་རིགས་སྣ་མང་ཞིག་རྒྱུན་འཁྱོངས་ཐུབ་ཐབས་སུ་གཞུང་གི་བཀོད་ཁྱབ་དེ་ལག་ལེན་བསྟར་དགོས་ཞེས་བསྒྲགས། ཟླ་བ་སྔོན་མར་འབྲུག་ཡུལ་གྱི་དངུལ་ཊམ་རྩིས་ཞིབ་ལྷན་ཁང་གིས་བཏོན་པའི་གཞི་གྲངས་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༡༢་པར་འབྲུག་ཡུལ་ལ་ཕྱི་དངུལ་ཨ་སྒོར་དུང་ཕྱུར་༡༦་དང་བྱེ་བ་༦་ཡོད་ཀྱང་ད་ལྟ་དངུལ་སྒོར་དེའི་ཁོངས་ནས་ཨ་སྒོར་དུང་ཕྱུར་༩་དང་བྱེ་བ་༧་འགྲོ་གྲོན་བཏང་ཟིན་ཡོད་ཅིང་། འདས་པའི་ལོ་གཉིས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འབྲུག་ཡུལ་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཀག་པ་དང་ཕྱི་དངུལ་ཡོང་འབབ་ཆད། ཨ་སྒོར་འགྲོ་གྲོན་གཏོང་དགོས་ས་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སྔོན་གཟའ་ཉི་མའི་ཉིན་འབྲུག་ཡུལ་གྱི་ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་གིས་ཀུན་གསལ་གསར་ཤོག་གི་གསར་འགོད་པར་ཕྱི་རྒྱལ་ནས་རླངས་འཁོར་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་དུས་ཡུན་ཅི་ཙམ་རིང་རྒྱུན་འཁྱོངས་བྱེད་དགོས་མིན་ཐད་ཟླ་བ་༦་གི་རྗེས་སུ་བསྐྱར་ཞིབ་བྱ་འཆར་ཡོད་ཅེས་བཀྲལ། ཁོང་གིས་འབྲུག་གཞུང་གིས་གསོག་འཇོག་བྱས་ཡོད་པའི་ཕྱི་རྒྱལ་གྱི་དངུལ་སྒོར་རྣམས་འཛད་ཀྱི་ཡོད་པ་དང་འགྲོ་གྲོན་ཤིན་ཏུ་ཆེ། འབྲུག་ཡུལ་ལ་ཕྱི་དངུལ་ཡོང་འབབ་ཉུང་དུ་ཕྱིན་ཏེ་བྱུང་སོང་གཉིས་ཁ་མ་མཚུངས་པར་ཛ་དྲག་གི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་དགོས་ཐུག་གི་འདུག འབྲུག་གཞུང་གིས་ཟླ་བ་རེར་ཕྱི་རྒྱལ་གྱི་དངུལ་སྒོར་བྱུང་སོང་རྩིས་ཞིབ་བྱ་འཆར་ཡོད། འབྲུག་ཡུལ་གྱི་དཔལ་འབྱོར་གནས་སྟངས་ཡག་ཏུ་ཕྱིན་ན་བཀག་སྡོམ་དེ་རྣམས་རིམ་བཞིན་ཕྱིར་འཐེན་བྱ་རྒྱུ་ཡིན། གལ་སྲིད་འབྲུག་ཡུལ་ལ་ཕྱི་རྒྱལ་གྱི་དངུལ་སྒོར་འདུ་འགོད་ཡག་པོ་ཞིག་བྱེད་མ་ཐུབ་ན་ཕྱི་ནས་དངོས་ཟོག་ནང་འདྲེན་བྱེད་མི་ཆོག་པའི་ཐོ་གཞུང་ཞི་ཕྲ་ཞིག་བསྒྲིགས་ཡོད་ཅེས་ཕྱི་རྒྱལ་གྱི་རླངས་འཁོར་གཅིག་པུ་མ་ཡིན་པར་དངོས་ཟོག་གཞན་ཁག་ཀྱང་ནང་འདྲེན་བྱ་རྒྱུ་འགོག་སྲིད་པའི་བརྡ་ཞིག་བཏང་འདུག

འབྲུག་ཡུལ་ལ་དངོས་ཟོག་ནང་འདྲེན་བྱེད་མཁན་ཚོང་པ་ཚོས་དངོས་ཟོག་བཀག་སྡོམ་ཡུན་རིང་བྱེད་ཚེ། འབྲུག་ཡུལ་ལ་ཕྱི་རྒྱལ་གྱི་དངོས་ཟོག་ནང་འདྲེན་བྱས་ནས་ཚོང་ལས་གཉེར་མཁན་ཚོར་གྱོང་གུད་ཆེན་པོ་འཕོག་གི་རེད་ཅེས་བློ་འཚབ་ཡོད་པ་གསལ་སྟོན་བྱས་ཤིང་། དཔེར་ན་སིང་མཁར་སྒེར་གཉེར་ཚད་ཡོད་བཟོ་ཚོང་ལས་ཁང་གི་ཀུ་མར་སུ་བྷ་ཞེས་པ་ནི་འབྲུག་ཡུལ་ལ་ཀོ་རི་ཡའི་ཀི་ཡ་རླངས་འཁོར་ནང་འདྲེན་བྱེད་མཁན་འབའ་ཞིག་ཡིན་མོད། ཁོ་པས་ད་རེས་ཀྱི་བཀོད་ཁྱབ་འོག་སིང་མཁར་སྒེར་གཉེར་ཚད་ཡོད་བཟོ་ཚོང་ཁང་གི་ཚོང་ལས་རྒྱུན་འཁྱོངས་བྱེད་མ་ཐུབ་པར་ལས་བྱེད་པ་ཚོ་ལས་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཆེ་ཞེས་བཤད། འབྲུག་ཡུལ་གྱི་ཧན་ཌེ་རླངས་འཁོར་ཚོང་འགྲེམ་ཁང་གི་སྤྱི་གཉེར་པདྨ་བློ་གྲོས་ཀྱིས་ང་ཚོས་ལས་བྱེད་པ་ཚོར་གླ་ཕོགས་སྤྲོད་དགོས་པ་དང་བུ་ལོན་སྒྲུབ་འཇལ། ཁང་གླ་སྟེར་དགོས་པ་སོགས་སྒྲུབ་དཀའ་བ་ཞིག་རེད་ཅེས་བློ་འཚབ་ཀྱི་རྣམ་འགྱུར་བསྟན།།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་གཉིས་ཀྱི་ཏོག་དབྱིབས་ནད་ཡམས་དང་ཡུཀ་རེན་གྱི་དམག་གིས་མི་འབོར་འབུམ་༨་ཡས་མས་ཤིག་ལས་མེད་པའི་འབྲུག་ཡུལ་ལ་རྡོ་སྣུམ་དང་འབྲུ་རིགས་ཀྱི་རིན་གོང་འཕར། འབྲུག་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་ནད་འགོག་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་དཔལ་འབྱོར་ཉམས་ཆག་ཆེན་པོ་ཕྱིན་པའི་གནས་ཚུལ་ཐོན། འབྲུག་ཡུལ་གྱི་རྩ་ཁྲིམས་སུ་ལོ་གཅིག་ལ་ཕྱི་རྒྱལ་ནས་དངོས་ཟོག་ནང་འདྲེན་བྱེད་ཐུབ་པའི་ཨ་སྒོར་འདང་ངེས་ཤིག་བཀར་འཇུག་བྱ་དགོས་ཞེས་འཁོད། ཕྱི་རྒྱལ་གྱི་དངུལ་སྒོར་འདུ་འགོད་མང་ཙམ་བྱ་ཐབས་སུ་ལོ་འདིའི་ཕྱི་ཟླ་༩་པའི་ཚེས་༢༣་ནས་འབྲུག་གཞུང་གིས་ཕྱི་རྒྱ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རེར་ཉིན་ལྟར་ཨ་སྒོར་༢༠༠་ནས་༢༥༠་ཐམ་པའི་འགྲུལ་ཁྲལ་བསྡུ་རྒྱུའི་ཐག་བཅད། ཨ་སྒོར་༢༠༠་ནས་༢༥༠་ཐམ་པའི་འགྲུལ་ཁྲལ་ཁོངས་སུ་ལམ་གྲོན་དང་མགྲོན་ཁང་། ཟས་སོང་དང་སྣེ་ཤན་པའི་གླ་ཕོགས། ལྟ་སྐོར་དུ་བསྐྱོད་ཡུལ་ཁག་གི་འཛིན་བྱང་སོགས་མི་ཚུད། ཕྱི་ཟླ་༡༢་པ་ནས་༢་པའི་བར་དང་ཕྱི་ཟླ་༦་པ་ནས་༨་པའི་བར་དུ་འབྲུག་ཡུལ་ལ་ལྟ་སྐོར་དུ་སྐྱོད་མཁན་ཚོར་ཉིན་ལྟར་འགྲུལ་ཁྲལ་ཨ་སྒོར་༢༠༠་ཐམ་པ་རེ་བསྡུ་རྒྱུ། ནམ་ཟླ་གཞན་ཁག་ལ་མི་རེར་ཉིན་ལྟར་འགྲུལ་ཁྲལ་ཨ་སྒོར་༢༥༠་རེ་བསྡུ་རྒྱུ། གནམ་གཤིས་དྲོད་གྲང་དང་ཆར་ཞོད་ཀྱི་དུས་སྐབས་ཡིན་མིན་ལ་གཞིགས་ནས་འགྲུལ་ཁྲལ་དེར་ཨ་སྒོར་༥༠་ཐམ་པའི་ཁྱད་པར་གཏད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG